e-texts navigator
Collection
Volume
Page
Wylie

185b1 རྣམས་ལ་ཕན་བཞེད་པ། ། ཆོས་རྣམས་སྣ་ཚོགས་སྟོན་པ་མཛད།། ཡེ་ཤེས་རྩོམ་པའི་ཚེགས་ཞུགས་པའི་རྣམ་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་གཉིས་པའོ།། སྤྲིན་ཆེན་སྙིང་པོས་གསོལ་པ། ཡེ་ཤེས་ཀྱི་ནོར་བསྒྲིམ
185b2 ཏེ་བསྒྲུབ་པའི་མཛོད་ཅེས་བགྱི་བའི་ཆོས་ཀྱི་བསྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པའི་ནན་ཏན་གྱི་སྦྱོར་བ་ལ་མཁས་པའི་རིན་པོ་ཆེ་བསྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་།
185b3 དམ་པའི་ཆོས་ལ་ཤིན་དུ་གུས་པར་བསྒྲིམ་པའི་སེམས་ལ་གནས་པར་སྦྱོར་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བདེན་པའི་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡང་དག་པའི་ཟབ་ཅིང་བརྟན་པ་ལ་རྩེ་བ་དང་བཅས་པའི་རྒྱ
185b4 མཚོའི་རིན་པོ་ཆེའི་རྫས་བསྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མངོན་པར་དགའ་བསྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡེ་ཤེས་ཀྱི་སྟོབས་རབ་ཏུ་བསྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མངོན་པར་ཆུབ་བསྒྲུབ་པ་ཞེས་བྱ་བའི
185b5 ཆོས་ཀྱི་སྒོ་དང་། ། མངོན་པར་འདོད་པར་བྱ་བའི་ཡོན་ཏན་བསྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལུས་ལ་སྦྱོར་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པ་དང་གཙང་སྦྲ་དང་།། ངེས་པ་དང་། བརྟུལ་ཞུགས་དང་། ཉེ་བར་གནས་པ
185b6 བསྒྲིམས་ཏེ་བསྒྲུབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ཡེ་ཤེས་ཀྱི་ནོར་བསྒྲིམས་ཏེ་བསྒྲུབ་པའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷ་མོ་ཕྲེང་བ་སྣ་ཚོགས་ཅན་ཞེས་བྱ་བས་བཅོམ་ལྡན་འདས
185b7 ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། ། གསང་བའི་འབྱུང་གནས་པསམ་གཏན་ཞི་བའི་ཡན་ལག་གི། ཅོད་པན་རྣམ་གྲོལ་ཆུ་དང་དྲན་པ་བསིལ་བའི་རླབས།། བདག་ཉིད་རྟག་ཟ་བ་ཞི་པའི་བདག་ཉིད་ཆ
185b8 སྟེ། རྒྱ་མཚོ་ཚུལ་འདྲ་ཁྱོད་ལ་མགོ་བོས་གཏུག་པར་བགྱི།། ཡེ་ཤེས་ཀྱི་ནོར་བསྒྲིམས་ཏེ་བསྒྲུབ་པའི་མཛོད་ཀྱི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་གསུམ་པའོ།། རིན་ཆེན་ཉིད་པོས་གསོལ་པ། ཡང་དག་པའི་མཚད




iiif viewer powered by OpenSeadragon

185a - 186a

Texts on this page

Q898 - 'phags pa sprin chen po zhes bya ba theg pa chen po'i mdo