e-texts navigator
Collection
Volume
Page
Wylie

185a1 ཀྱིས་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་སྟོན་པའི་སྟོབས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་སྨོན་པའི་དཔུང་བསྐྱེད་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱིས
185a2 ཡིན་ནོ། ། དེ་ནས་དེའི་ཚེ་ལྷའི་བུ་བློ་གྲོས་རྒྱ་མཚོ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ།། རྟག་པའི་ལྗོན་པ་སློབ་མའི་སའི་ས་ནི་བསྟེན་གྱུར་ཅིང་། བྱང་ཆུབ་ཡན་ལག་མེ་ཏོག་རྟག་ཏུ་ཞི་བའི་རྩ།
185a3 བསམ་གཏན་མྱ་གུ་ཡ་ལག་འབྲས་བུར་ལྡན་པ་པོ།། རྫུ་འཕྲུལ་ལོམ་ཤིང་རྟ་ཁྱོད་ལ་མགོ་བོས་གཏུག། རྩེ་བ་དང་བཅས་པ་ཡང་དག་པར་སྦས་པ་སྟོན་པའི་དཔུང་བསྐྱེད་པ་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་སུམ་བཅུ་གཅིག་པའོ།།
185a4 སྤྲིན་ཆེན་སྙིང་པོས་གསོལ་པ། ཡེ་ཤེས་རྩོམ་པའི་ཆོ་ག་ལ་ཞུགས་པའི་རྣམ་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དམིགས་པ་ལ་མངོན་པར་བཀམཔ
185a5 ཞེས་བྱ་བའི་ཆོས་ཀྱིས་སྒོ་དང་། རྒྱན་གྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྟོབས་འབྲི་བར་བྱ་བ་ལ་མངོན་པར་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མཁས་པའི་ལུས་མི་ཟད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྩེབ་ལ་མངོན་པར
185a6 ཆགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྦྱིན་པ་དང་རིམི་འགྲོའི་བྱ་བ་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཐང་ལ་མངོན་པར་དགའ་བའི་སྦྱོར་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྦྱར་བའི་མཚམས་ལ་མངོན་པར་འཇུག་པ་ཞེས་བྱ་བའི་ཆོས
185a7 སྒོ་དང་། དགའ་བའི་དུས་ཚོད་ཀྱི་སྦྱོར་འལ་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཞུང་ལུགས་མངོན་པའི་གནས་ལ་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ཡེ་ཤེས་རྩོམ་པའི་ཆོ་ག་ལ་ཞུགས་པའི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན
185a8 ནོ། ། དེ་ནས་དེའི་ཚེ་ལྷ་མོ་སྣ་མའི་མེ་ཏོག་ལ་མངོན་པར་དགའ་བས་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ།། དཔའ་ཆེན་ཡེ་ཤེས་རྩོམ་པ་པོ།། ཡང་དག་རྩོམ་ལ་རབ་སྦྱོར་བ།། སེམས་ཅན




iiif viewer powered by OpenSeadragon

184b - 185b

Texts on this page

Q898 - 'phags pa sprin chen po zhes bya ba theg pa chen po'i mdo