e-texts navigator
Collection
Volume
Page
Wylie

183b1 ཡོན་ཏན་འབྱུང་གནས་མཛེས། ། སེམས་ཅན་རྣམས་ལ་སྨན་སླད་དུ།། ཆོས་རྣམས་སྣ་ཚོགས་སྙན་པ་མཛད།། གནས་ཀྱི་རྣམ་པ་དང་བཅས་པ་ཡངས་པའི་ཆོས་ཀྱི་སྒོའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་བདུན་པའོ།།
183b2 སྦྱིན་ཆེན་སྙིང་པོས་གསོལ་པ། ལྷག་པའི་བསམ་པའི་ཆག་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མཚམས་བཟུང
183b3 པོ་ལ་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལྷག་པའི་བསམ་པའི་ཚིག་ཤེས་པའི་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡེ་ཤེས་ཀྱི་དུས་ཆོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། འགྲོ་བའི་དུས་ཚོད་ཀྱི་ཚེ
183b4 འཕྲུལ་གྱི་ལྷག་པའི་བསམ་པའི་ཆོ་ག་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ནམ་མཁའ་དང་མཉམ་པར་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མི་གནས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མངོན་པར་རྒྱུ་བ་བསགས
183b5 པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསྙེན་པར་འོས་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྦྱིན་པར་དགའ་བ་ལ་མངོན་པར་མོས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སེམས་དགེ་ཞིང་ལྷག་པའི་བསམ་པ་ལ་འཇུག་པ་ཞེས
183b6 བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ལྷག་པའི་བསམ་པའི་ཆོ་ག་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷའི་བུ་ཤེས་པས་རྒྱགས་པ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད
183b7 པ་འདི་སྨྲས་སོ། ། བཅོམ་ལྡན་སངས་རྒྱས་བལྟར་མི་གདང།། ནམ་མཁའ་མཆུངས་ཤིང་འདྲ་བ་ལགས།། སེམས་ཅན་རྣམས་ལ་སྨན་སླད་དུ།། སྣང་བ་སྣ་ཚོགས་སྟོན་པ་མཛད།། ལྷག་པའི་བསམ་པའི་ཆོག་ལ་འཇུག་པའི་གླེང་གན།
183b8 ལེའུ་ཞེས་བྱས་ཉི་ཤུ་བརྒྱད་པའོ།། སྲིན་ཆེན་སྙིང་པོས་གསོལ་པ།། དམག་ཆེན་པ་དཔའ་བའི་རྒྱལ་པོའི་སྟོབས་བཀོད་པ་ཞེས་བགྱི་བའི་ཆོས་ཀྱི་སྒྲ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས




iiif viewer powered by OpenSeadragon

183a - 184a

Texts on this page

Q898 - 'phags pa sprin chen po zhes bya ba theg pa chen po'i mdo