| | e-texts navigator
|
179a1 བོ་ནས་བྱ་བ་ཆོས་ཀྱི་སྒོ་དང་། རྒྱམ་ཚོཟབ་མོ་མ་འཁྲུགས་པ་ལ་བུའི་བློ་གྲོས་ལ་འཇུག་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རབ་ཏུ་དུལ་བའི་གཟི་བརྗིད་སྟོབས་ཅན་གྱི་དུས་ཆོད་ཀྱི་རྒྱལ་པོ་ཞེས་བྱ་བ་ཆོས་ཀྱི
179a2 དང་། བསམ་གྱིས་མི་ཁྱབ་པའི་གནས་ཀྱི་མཐའ་ལ་མི་རྟོགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསྐལ་པ་ལ་ཁྱབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ།། བཅུ་པོ་དེ་དག་ནི་ཡེ་ཤེས་རྡོ་རྗེའི་རྣམ་པ་ལ་འཇུག་པའི་སྲུང་བ་ཞེས་བྱ་བའི་ཆོས
179a3 ཀྱིསྒོ་ཡིན་ནོ། ། དེ་ནས་དེའི་ཚེ་ལྷ་མོ་ཡེ་ཤེས་ཕྲ་བ་ལ་དགའ་བ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། སངས་རྒྱས་མཛད་བྲལ་ཆ་དང་བྲལ།། དེ་བཞིན་གཤེགས་པ
179a4 མ་སྐྱེས་ཀྱང་། ། སྐྱེས་པ་ལྟ་བུར་སྟོན་མཛད་དེ།། ཡེ་ཤེས་རྡོ་རྗེ་རྣམས་མངའ་མངའ།། ཡེ་ཤེས་རྡོ་རྗེའི་རྣམ་པ་ལ་འཇུག་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅུ་བདུན་པའོ།། སྤྲིན་ཆེན་སྙིང་པོས་གསོལ་པ། ལོངས
179a5 སྤྱོད་མི་ཟད་པའི་རྣམ་པ་ལ་འཇུག་པའི་རྣམ་པར་འཕྲུལ་བའི་རྒྱལ་པོ་ཞེས་བགྱི་བའི། ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། བདུད་རྩིའི་བློ་གྲོས་ལ་འཇུག་པ
179a6 ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བདེ་བས་ཚིམ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དགའ་བ་ལ་མཁས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྡུག་ཅིང་རབ་ཏུ་དགའ་བ་ལ་མཁས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཟབ་ཅིང
179a7 བརྟན་པའི་ཆུའི་རོ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སེམས་ཀྱི་བློ་གྲོས་ཀྱི་སྤྱོད་ཡུལ་གྱི་བདེ་བ་འདོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བདེ་བ་མི་ཟད་ཅིང་གདོད་མ་ནས་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བའི
179a8 ཆོས་ཀྱི་སྒོ་དང་། ཐམས་ཅད་རབ་ཏུ་མ་ག་ཞིང་རབ་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ལོངས་སྤྱོད་མི་ཟད་པའི་རྣམ་པ་ལ་འཇུག་པ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།།
iiif viewer powered by OpenSeadragon
178b - 179b