| | e-texts navigator
|
178b1 ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐོག་ཏོག་གི་རིན་པོ་ཆེའི་འབྱུང་གནས་ཤེས་བྱ་བ་དང་ཐོག་ཏོག་གི་རྒྱ་མཚོ་ཞེས་བྱ་བ་དང་། ཐོག་ཏོག་གི་སྦྱོར་བའི་རྒྱལ
178b2 པོ་ཞེས་བྱ་བ་དང་། ཐོག་ཏོག་སྨན་ཆེན་པོའི་མཛོད་བསྟན་པ་ཞེས་བྱ་བ་དང་། ཐོག་ཏོག་གི་སྤྱིའི་རྒྱལ་པོ་ཞེས་བྱ་བ་དང་། ཐོག་ཏོག་གི་བློ་གྲོས་མི་ཟད་པའི་རྒྱལ་པོ་ཞེས་བྱ་བ་དང་། ཐོག་ཏོག་གི་སྙིང་པོ་མཆོག་ཅེས་བྱ་བ་དང་། ཐོག
178b3 ཏོག་གི་སྨོན་མིའི་དེད་དཔོན་ཐོབ་པའི་རྒྱལ་པོ་ཞེས་བྱ་བ་དང་། ཆོས་ཀྱི་ཕྱོགས་ཀྱི་མཚོན་ཆའི་མཆོག་ཅེས་བྱ་བ་དང་། ཐོག་ཏོག་ཟབ་མོའི་འདུ་ཤེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་ཆོས་ཀྱི་ཐོག་ཏོག་གི་འབེལ་བའི་གཏམ་ལ
178b4 འཇུག་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། ། དེ་ནས་དེའི་ཚེ་ལྷ་མོ་མངོན་པར་བསྲེགས་མ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ།། ལྷ་ཆེན
178b5 ཆོས་ཀྱི་སྤྲིན་ལགས་ཏེ། ། ཐོག་ཏོག་རྒྱལ་པོ་དེ་བཞིན་གཤེགས།། དེ་བཞིན་གཤེགས་པས་ཉོན་མོངས་རྣམས།། སྣ་ཚོགས་པར་ནི་ཚར་ཡང་བཅད།། སེམས་ཅན་རྣམས་ལ་སྨན་སླད་དུ།། ཉོན་མོངས་ཐིབས་པོར་རོལ་པ་མཛད།། ཆོས་ཀྱི་ཐོག།།
178b6 ཏོག་འབེལ་བའི་གཏམ་གྱི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅུ་དྲུག་པའོ།། སྤྲིན་ཆེན་སྙིང་པོས་གསོལ་བ། ཡེ་ཤེས་རྡོ་རྗེའི་རྣམ་པ་ལ་འཇུག་པའི་མཛོད་སྲུང་བ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས
178b7 བཤད་དུ་གསོལ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩེ་བའི་རིན་པོ་ཆེའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། ཚུ་ལ་རབ་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཚུལ་གྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི
178b8 རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དད་པ་འཕྱོས་པའི་གནས་ཀྱི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ནམ་མཁའ་ལེགས་པར་བརྒྱན་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བུམ་པ་ཤིང་གི་མགོ་རྟོགས་ཅན་གྱི་སྨན་གྱི་རྒྱལ
iiif viewer powered by OpenSeadragon
178a - 179a