e-texts navigator
Collection
Volume
Page
Wylie

178a1 འཕྲུལ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། ། དེ་ནས་དེའི་ཚེ་ལྷ་མོ་སྨིན་གྱི་ཆུང་མ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ།། ཀྱེ་མ་བཅོམ་ལྡན་སངས་རྒྱས་ཀྱི།། ཡུལ་ནི་བས
178a2 གྱིས་མི་ཁྱབ་སྟེ། ། སྒྱུ་འཕྲུལ་རྒྱལ་པོ་དེ་བཞིན་གཤེགས།། སེམས་ཅན་རྣམས་ལ་སྤྱན་སླད་དུ།། སྒྱུ་འཕྲུལ་སྣ་ཚོགས་སྟོན་པ་མཛད།། སྲིན་ཆེན་པོའི་ཀློག་གི་སྒྱུ་འཕྲུལ་གི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཅུ་བཞི་པའོ།།
178a3 སྤྲིན་ཆེན་སྙིང་པོས་གསོལ་པ།། ཚེ་འཕྲུལ་ཆེན་པོའི་སྒྲོན་མ་སྙན་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཏེར་མི་ཟད་པ་ལ་འཇུག་པའི་ཆོ་འཕྲུལ
178a4 སྟོན་པ་ཞེས་བྱ་བ་དང་། རིན་པོ་ཆེའི་མཇེད་པ་སྡུད་པ་ཞེས་བྱ་བ་དང་། རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་མཛོད་ཅེས་བྱ་བ་དང་། རི་མོ་ལ་མཐའ་ཡས་པ་ཞེས་བྱ་བ་དང་། དགེ་བ་འབྱོར་པ་ཞེས་བྱ་བ་དང་།
178a5 དགའ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་དང་། ཚུལ་གྱི་རྣམ་པ་ལ་འཇུག་པ་ཞེས་བྱ་བ་དང་། མེ་ལོང་གི་དཀྱིལ་འཁོར་མ་བསྒྲིབས་པ་ཞེས་བྱ་བ་དང་། དྲན་པའི་ཕྱོགས་མི་ཟད་པ་ཞེས་བྱ་བ་དང་། སེམས་ཅན་ཐམས་ཅད་ངེས
178a6 པར་སྦྲེལ་བ་ཡིད་དུ་འོང་བ་ལ་འཇུག་པ་ཞེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་ཆོ་འཕྲུལ་ཆེན་པོའི་སྒྲོན་མ་སྟོན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ།། དེ་ནས་དེའི་ཚེ་ལྷ་མོ་རབ་ཏུ་དགའ་བ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་ཆེན
178a7 པོ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། ། ཀྱེ་མ་བཅོམ་ལྡན་སངས་རྒྱས་མི་སྤྱོད་པ།། ཆོ་འཕྲུལ་ཆེན་པོའི་རྒྱལ་པོ་དེ་བཞིན་གཤེགས།། སེམས་ཅན་རྣམས་ཀྱི་ཤེས་པ་བསྐྱེད་དོན་དུ།། དེ་རིང་ཆོས་རྣམས་སྣ་ཚོགས
178a8 སྟེན་པ་མཛད། ། ཚེ་འཕྲལ་ཆེན་པོའི་གླིང་གཞིའི་ལེའུ་ཞེས་བྱ་སྟེ་བཅཝ་ལྔ་པའོ།། ། སྤྲིན་ཆེན་སྙིང་པོས་གསོལ་པ། ཆོས་ཀྱི་ཐོག་ཏོག་གི་འབེལ་པའི་གཏམ་ལ་འཇུག་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ




iiif viewer powered by OpenSeadragon

177b - 178b

Texts on this page

Q898 - 'phags pa sprin chen po zhes bya ba theg pa chen po'i mdo