e-texts navigator
Collection
Volume
Page
Wylie

170b1 མུག་དང་། འཇིགས་པའི་ཆོས་ཀྱི་ཕྱོགས་ཐམས་ཅད་ལ་འཇུག་པ་ཡང་དག་པར་མཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཡུན་རིང་པོ་བསྐལ་པ་བྱེ་བ་བགྲངས་པ་མང་པོ་ནས་རྒལ་ནས་ཉོན་མོངས་པའི་རྒྱ་མཚོ་ལས་གྲོལ་བར་མཛད།
170b2 པའི་གསང་བ་ཐམས་ཅད་ཀྱི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་འདུལ་བའི་དབང་གིས་ཉོན་མོངས་པའི་རྒྱ་མཚོར་སྐྱེ་བ་བསྟན་ཏེ། རྒལ་ནས་བསྐལ་བར་བྱའོ།། གྲོལ་ནས་དགྲོལ་བར་བྱའོ་སྙམ
170b3 ནས་བསྟན་པའི་གསང་བའི་ཁྱད་པར་གྱི་སྒོའི་རང་བཞིན་དག་མཐོང་བར་ཡང་འགྱུར་རོ། ། སངས་རྒྱས་ཐམས་ཅད་ཀྱི་ཡུན་རིང་པོ་བསྐལ་པ་བྱེ་བ་བགྲངས་པ་མང་པོ་འདས་པ་ནས་བདུད་བྱེ་བ་རབ་ཏུ་བཅོམ་པའི་རྣམ་པ་གསང་བའི་དེ
170b4 ཁོ་ན་མཐོང་བར་ཡང་འགྱུར་རོ། ། སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་འདུལ་བའི་དབང་གིས་བྱང་ཆུབ་ཀྱི་ཤིང་དུ་བདུད་འདུལ་བའི་གསང་བའི་ཁྱད་པར་གྱི་སྒོའི་རང་བཞིན་སྟོན་པ་ལྟ་བུར་བཅོས་པ་ལེགས་པར་མཐོང་བར་ཡང་འགྱུར་རོ།།
170b5 ཐབས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ལྟ་བུར་བཅོས་པའི་དེ་ཁོ་ན་མཐོང་བར་ཡང་འགྱུར་རོ།། སངས་རྒྱས་ཐམས་ཅད་རོལ་པའི་གསང་བའི་རྒྱལ་པོའི་མཆོག་ཏུ་ཡང་འགྱུར་རོ།། སངས་རྒྱས
170b6 ཐམས་ཅད་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། དཔེའ་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། བགྲང་བ་ལས་འདས་པ་ལ་བགྲང་བའི་རྒྱལ་པོར་ཡང་འགྱུར་རོ།། སྤྲིན་ཆེན་སྙིང་པོ་བསམ་གྱིས་མི་ཁྱབ་པར་འགྲོ་བར
170b7 འཇུག་པ་ལ་གནས་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱ་མཚོར་ཡང་འགྱུར་རོ། ། ཏིང་ངེ་འཛིན་ཡང་དག་པར་སོགས་པར
170b8 ཡང་འགྱུར་རོ། ། ཐོས་པའི་རྒྱ་མཚོར་ཡང་འགྱུར་རོ།། ཐོས་པ་ཡང་དག་པར་སོགས་པར་ཡང་འགྱུར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སོམ་ཉི་ཟ་ཞིང་ཡིད་གཉིས་མེད་དེ། ཐེ་ཙོམ་ཟ་བར་ཡང་མི་འགྱུར་རོ།། མི་ཁམ




iiif viewer powered by OpenSeadragon

170a - 171a

Texts on this page

Q898 - 'phags pa sprin chen po zhes bya ba theg pa chen po'i mdo