| | e-texts navigator
|
157a1 དགའ་བ་ལ་གནས་པར་ཡང་འགྱུར་རོ།། གཏང་སྙོམས་ལ་གནས་པར་ཡང་འགྱུར་རོ།། སྟོང་པའི་ཆོས་རྣམས་ལ་སྟོང་པར་སྨྲ་བར་ཡང་འགྱུར་རོ།། སྟོང་པ་མ་ཡིན་པའི་ཆོས་རྣམས་ལ་སྟོང་པ་མ་ཡིན་པར་སྨྲ་བར་ཡང་འགྱུ།།
157a2 སངས་རྒྱས་ཀྱི་ཆོས་ཀྱི་དོན་རྟགས་སྨྲ་བར་ཡང་འགྱུར་རོ།། སངས་རྒྱས་ཀྱི་དེ་ཁོ་ནའི་ཆོས་ཀྱི་ལྟ་བ་སྨྲ་བར་ཡང་འགྱུར་རོ།། གཙང་བར་ཡང་འགྱུར་རོ།། གཙང་མས་ཕྱུག་པར་ཡང་འགྱུར་རོ།། ཡོན་ཏན་གྱིས་ཕྱུག་པར་ཡང་འགྱུར།
157a3 ཚུལ་ཁྲིམས་ཀྱིས་ཕྱུག་པར་ཡང་འགྱུར་རོ།། ཆོས་ཀྱིས་ཕྱུག་པར་ཡང་འགྱུར་རོ།། དབྲོག་ཏུ་མེད་པའི་རྫས་ཀྱིས་ཕྱུག་པར་ཡང་འགྱུར་རོ།། སྐྱེ་བོ་དབུལ་པོ་སློང་བ་ལ་སོགས་པ་ལ་གཏེར་ལྟ་བུར་ཡང་འགྱུར་རོ།། སྟོང་པ་ཉིད་དང་།
157a4 མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་སྟོན་པ་ནམ་སྐྲག་མི་དངང་ཞིང་དདང་པར་ཡང་མི་འགྱུར་རོ།། སངས་རྒྱས་ཞིང་གང་དང་གང་དུ་སྐྱེ་བར་བྱ་བར་སེམས་བསྐྱེད་པ་དེ་དང་དེར་སྐྱེ་བར་ཡང་འགྱུར་རོ།། རྙེད་པ་དང་།
157a5 བཀུར་སྟི་དང་། ཚིགས་སུ་བཅད་པའི་དོན་དུ་མི་གཉེར་བར་ཡང་འགྱུར་རོ།། ཚུལ་ཁྲིམས་འཆལ་བ་རྣམས་བསྡུས་ནས་དམ་པའི་ཆོས་ལ་དགོད་པར་ཡང་འགྱུར་རོ།། ཚུལ་ཁྲིམས་འཆལ་བ་གཡོ་སྒྱུ་དང་ལྡན་པ་རྣམས་ཐོག་ཏོག
157a6 ལྟ་བུར་ཡང་འགྱུར་རོ། ། དེ་བཞིན་གཤེགས་པ་ལ་བྱས་པ་མི་གཟོ་བ་རྣམས་བྱས་པ་བཟོ་བ་ལ་ཡང་དག་པར་སྦྱོར་བར་ཡང་འགྱུར་རོ།། མུ་སྟེགས་ཅན་གྱི་གནས་ཐམས་ཅད་དུ་མི་འཕྲོགས་པར་ཡང་འགྱུར་ཞིང་། སླར་དེ་ལ་ཐབས
157a7 དང་ལྡན་པར་ཡང་འགྱུར་རོ། ། དགེ་སྦྱོང་དང་། བྲམ་ཟེ་དང་། མུ་སྟེགས་ཅན་ཕས་ཀྱི་རྒོལ་བ་མང་པོ་དག་གིས་ཕུག་རྡུགས་སུ་མི་ཆུད་ཅིང་སླར་དེ་ལ་ཐབས་ཀྱིས་རྟོན་པར་ཡང་འགྱུར་རོ།། མུ་སྟེགས་ཅན་གྱི་གནས་ཐམས་ཅད
157a8 ཀྱི་གསང་ཚིག་རྣམས་ལ་འདུན་པར་མི་འགྱུར་ཞིང་། སླར་དེ་ལ་ཐབས་ཀྱིས་འདུན་པར་བྱེད་པར་ཡང་འགྱུར་རོ།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟའི་གནས་ཐམས་ཅད་ལ་རྟེན་པར་མི་འགྱུར་ཞིང་སླར་དེ་ལ་ཐབས
iiif viewer powered by OpenSeadragon
156b - 157b