e-texts navigator
Collection
Volume
Page
Wylie

153a1 གཀྱེ་མ་རྙེད་ཆེན་ལེགས་པར་རྙེད། ། ཁྱོད་ཀྱི་ཞབས་མཆོག་གཟི་བརྗིད་ཀྱིས།། དམ་ཆོས་ཚིག་སྤོས་བྱམ་ཚ་ཐོས།། སྨོན་ལམ་བཏབ་ཅིང་བསྒྲུབས་པ་དེས།། དེ་རིང་བདག་གིས་བདུད་རྩི་འཚལ།། བགྱི་བ་ཆེན་པོའི་ས་སའི་ལས།
153a2 དེ་རིང་བདག་གིས་བསྟན་པར་བགྱིས།། བདག་གི་དེ་རིང་ན་ཞི་ཞིང་།། ནད་མེད་གནོད་པ་མ་མཆིས་ལ།། དེ་རིང་བདག་གིས་གདུང་པ་བསྲབས།། མཆོག་ཏུ་ཡང་ནི་བདེ་བར་འགྱུར།། འཇིག་རྟེན་ཀུན་ལ་ཐུགས་རྩེ་བ།། བཅོམ་ལྡན་སངས
153a3 རྒྱས་བཤད་དུ་གསོལ། ། སེམས་ཅན་ཀུན་གྱི་བདེ་བསྒྲུབ་པ།། སངས་རྒྱས་བཅོམ་ལྡན་འདས་པ་ཡིས།། ནད་རྣམས་མ་ལུས་མཛད་པར་གསོལ།། དམ་ཆོས་བསྟན་པའི་ཚུལ་གྱི་གཏེར།། སེམས་ཅན་དབུལ་པོ་རྣམས་ཀྱིན།། མི་ཟད
153a4 བའི་བདུད་རྩི་གཏེར། ། བཅོམ་ལྡན་སངས་རྒྱས་བཤད་དུ་གསོལ།། རྣམ་པར་སྤྱོད་པའི་ཆོ་ག་ཡི།། ལས་ཀྱི་ཚིག་ནི་སྨོས་པ་རྣམས།། བཅོམ་ལྡན་སངས་རྒྱས་རྒྱས་པར་མཛོད།། རྟག་ཅིང་བརྟན་པའི་འདུ་སྟོན་ལ།། སེམས་ཅན་མང
153a5 དགོད་པར་གསོལ། ། སྤྲིན་ཆེན་པོའི་མདོ་ལས་ལྷ་ཐམས་ཅད་འདུས་པ་ཞེས་བྱ་སྟེ་ཕུང་པོ་དང་པོའི་ལེའུ་རྫོགས་སྷོ།། །། འཕགས་པ་སྤྲིན་ཆེན་པོའི་མདོ།། བམ་པོ་བཞི་པ།། དེ་ནས་བཅོམ་ལྡན་འདས་ལ
153a6 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྲིན་ཆེན་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། ། དམ་པའི་ཆོས་བརྟན་པའི་སྤྲིན་ཆེན་པོའི་མདོའི་ཚིག་སྨོས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པ་ནི་ཨ་ལ་ལ་ངོ་མཚར
153a7 རྨད་དུ་བྱུང་བ་ལགས་སོ། ། བཅོམ་ལྡན་འདས་ཨ་ལ་ལ་སྤྲིན་ཆེན་པོའི་མདོའི་ཡུལ་བསམ་གྱིས་མི་ཁྱབ་སྟེ། ཆོ་འཕྲུལ་ཆེན་པོའི་རྣམ་པར་འཕྲུལ་པ་སེམས་ཅན་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་པ་ལགས་སོ།། སྤྲིན་ཆེན
153a8 པོའི་མདོ་བཤད་པ་ན་སྤྲིན་ཆེན་པོའི་ཚོགས་ཀྱིས་རིན་པོ་ཆེ་ཐམས་ཅད་དང་། བཅུད་ཐམས་ཅད་ཀྱིས་རྒྱས་པའི་ཆར་གྱི་རྒྱན་གྱི་ཚོགས་བདུད་རྩིའི་སྒྲ་ལས་བྱུང་བ་རྣམས་ཀྱིས་བདུད་རྩིའི་ཆར་ཆེན་པོ་རབ་ཏུ་ཕབ་པོ།། ཨ་ལ་ལ་དེ་བཞིན




iiif viewer powered by OpenSeadragon

152b - 153b

Texts on this page

Q898 - 'phags pa sprin chen po zhes bya ba theg pa chen po'i mdo