e-texts navigator
Collection
Volume
Page
Wylie

150b1 རྟག་པའི་མཚན་ནི་མཛད་པ་པོ།། དཔའ་བོ་ཆེན་པོ་ལྷ་ཡི་ལྷ།། བསམ་གྱིས་མི་ཁྱབ་དཔེ་མ་མཆིས།། དཔའ་བོ་ཆེན་པོ་སྐུ་རྟག་པ།། ཏིང་འཛིན་ཡོན་ཏན་རྒྱ་མཚོ་ཆེ།། ཆོས་སྤྲིནམར་པ་ཆེན་པོ་ཡིས།། སྤྲིན་གྱི་མངོན་སྟོན་པ་པོ།། ཞི་བའི
150b2 སུ་ལྡན་ཞི་གྱུར་པ། ། ཞི་བའི་སྤྲིན་ནི་སྟོན་པ་པོ།། གཟི་བརྗིད་ཞི་ཞིང་དཔལ་ཡང་ནི།། ཕུན་སུམ་ཚོགས་བཞི་ལ་གནས།། གནས་རྟག་ཡེ་ཤེས་རྟག་པ་སྟེ།། ཞིང་རྟག་རྟག་པའི་རྣམ་པ་ལགས།། མི་རྟག་ཚོགས་ཀྱི་སུན་སེལ་བ།།
150b3 རྟག་ཕྱོགས་ནི་ཟད་པར་མཛད།། ཁྱོད་ནི་ལྡེམ་ངག་མཁས་པ་སྟེ།། སེམས་ཅན་ཀུན་ལ་ཐུགས་བརྗེ་ལྡན།། རྒྱལ་ཆེན་གསང་བ་མང་པོ་མངའ།། རྒྱལ་བ་ཟླ་བ་འོད་ཆེན་ལགས།། དེང་ནི་ལྷ་ཁྱོད་བབང་བ་སྟེ།། མདོ་མཆོག
150b4 འདྲ་སྟོན་སྟོན་པར་མཛད། ། དེང་ནི་ལྷ་ཁྱོད་མཛེས་གྱུར་ཏོ།། ལྷ་དང་འཇིག་རྟེན་འཐུན་པར་མཛད།། འདྲེན་མཆོག་ལྷ་ཁྱོད་དེང་སྒྲོགས་ཏེ།། མདོ་བསྒྲགས་མིང་བཅས་སྟོན་པར་མཛད།། རྒྱལ་པོའི་ཁབ་ནི་རི་དང་བཅས།། དེ
150b5 ཁྱོད་ཀྱིས་སྣང་བར་མཛད། ། དེ་རིང་གདན་མཆོག་མཛེས་གྱུར་ཏེ།། ནོར་བུ་རིན་ཆེན་བྱེ་མང་སྤྲས།། ཡོན་ཏན་མཐའ་ཡས་བརྒྱན་པ་ཡི།། ས་གཞི་ལྷ་ཡི་གོས་ཀྱིས་བཀབ།། བབ་ལ་ལྡོང་རོས་མུགས་མཚལ་གྱིས།། ལེགས་བྲིས།
150b6 འབྱེས་པར་བྱས་པ་ལ།། གསེར་དང་ནོར་བུ་བཱི་དཱུརྱ།། ཤེལ་རྣམས་ཀྱིས་ནི་ཡོངས་སུ་སྤྲས།། བྱ་རྒོད་ཕུང་པོ་མཆོག་གྱུར་པ།། གངས་ཀྱི་རི་ཡི་རྩེ་བརྒྱ་དག། རབ་ཏུ་འབར་བས་མཛེས་པར་བྱས།། དཔལ་དང་ལྡན་པའི་གྲོང་ཁྱེར
150b7 འདི། ། ལྷ་ཡི་རིན་ཆེན་བླའི་ཚོགས།། སྒྲ་ཁང་དག་ཀྱང་ལེགས་པར་བཅས།། ཁང་བཟངས་གཞལ་མེད་ཁང་མང་གིས།། ཁོར་ཡུག་ནས་མཛེས་པར་གྱུར།། མཚེ་ཕྲན་དང་བརྫིང་ཆེན་མཆོག། རྫིང་བུའི་ཆུས་ནི་ཡུལ་རྣམས
150b8 བརྒྱན། ། བདེར་འཇུག་འབབ་སྟེགས་རྫིང་ཆེན་མང་།། རྒྱལ་པོའི་ཁབ་ན་དེ་རིང་དུ།། ལྷ་ཡི་གྲོང་ཁྱེར་བཞིན་དུ་མཛེས།། རྔ་དང་དུང་དང་དྲིལ་བུ་དང་།། པི་བང་རྒྱུད་བཅས་མ་སྤངས་པར།། སྔ་ཆེན་སྤོགས་པར་འབྱུང་བ་འདི།།




iiif viewer powered by OpenSeadragon

150a - 151a

Texts on this page

Q898 - 'phags pa sprin chen po zhes bya ba theg pa chen po'i mdo