e-texts navigator
Collection
Volume
Page
Wylie

120b1 ཞེ་ན་རིགས་ཀྱི་བུ་དག་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་བཟུང་བའི་འདི་ན་དཀའ་བའོ།། རིགས་ཀྱི་བུ་དག་ཆོས་སྨྲ་བ་དེས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་དང་། བསྟན་པ་དང་། ཡང་དག་པར་སྟོན་པའི་ཚེ
120b2 འཇིགས་པའི་མེད་པར་བྱའོ། ། བཞུམ་པ་དང་། སུ་མ་གོད་པ་དང་། ཞེམ་འགྲས་པའི་སེམས་དང་། གོས་གཙང་མ་བགོས་ཏེ་དང་བ་བསྐྱེད་པར་བྱའོ།། བདག་གི་བསྔགས་པ་བརྗོད་ཀྱང་མི་སྟེབས་པ་དང་། ང་རྒྱལ་དུ་མི་གཟུང་བར་བྱ
120b3 སྟེ། བདག་མི་བསྟོད། གཞན་མི་སྨོད་ཅིང་། དེས་ཟང་ཟིང་མེད་པའི་སེམས་ཀྱིས་རི་མོར་བྱས་ཏེ་ཆོས་བསྟན་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས
120b4 དོག་སའི་ཕྱོགས་གང་དུ་ཆོས་ཀྱི་རྣམ་གྲངས་འདི་བཤད་པའམ། བསྟན་པར་འགྱུར་བའི་ས་ཕྱོགས་དེར་ཆོས་ཀྱི་རྣམ་གྲངས་འདི་མཉན་པ་དང་། ཆོས་སྨྲ་བ་དེ་ལ་སྨན་པར་བགྱི་བའི་སླད་དུ་བདག་ཅག་དཔུང་དང་བཅས
120b5 འཁོར་དང་བཅས་ཏེ་མཆིའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཀཽ་ཤི་ཀ་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་དེ་ལྟར་གྱིས་ཤིག། ཀཽ་ཤི་ཀ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཆོས་ཉིད་ཡོངས་སུ་བསྲུང་བར་བྱའོ།། དེ་ནས
120b6 བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་མིང་ཅི་ཞེས་བགྱི། འདི་ཇི་ལྟར་བཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ
120b7 རིགས་ཀྱི་བུ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་དཀོན་མཆོག་སྤྲིན་ཅེས་བྱ་བར་ཟུང་ཤིག། ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཀྱི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག། ཡེ་ཤེས་སྒྲོན་མ་ཞེས་བྱ་བར་ཡང་ཟུང་ཤིག། སྒྲུབ
120b8 ཐམས་ཅད་རྣམ་པར་སེལ་བས་ཀུན་དྲིས་པ་ཞེས་བྱ་བར་ཡང་ཟུང་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཡིད་དགའ་ཞིང་། བྱང




iiif viewer powered by OpenSeadragon

120a - 121a

Texts on this page

Q897 - 'phags pa dkon mchog sprin zhes bya ba theg pa chen po'i mdo