| | e-texts navigator
|
118a1 སྟི་སྟང་དང་། རིམ་གྲོ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཚོར་རབས་གཞན་དེ་དང་དེ་དག་ལ་གཡ་མགོའི་རི་འདི་ཉིད་དུ་ཆོས་ཀྱི་རྣམ་གྲངས་འདི་སངས་རྒྱས་སྟོང་ཕྲག་བདུན
118a2 བཅུ་རྩ་གཉིས་ཀྱིས་དོན་འདི་ཉིད་དག་དང་། ཚུལ་འདི་ཉིད་དག་དང་། ཚིག་དང་ཡི་གེ་འདི་ཉིད་དག་གིས་བསྟན་པ་བདག་གིས་མངོན་པར་དྲན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་འཆི་བ་དེ་ལྟར་ཁྱོད་ཀྱིས་དཀོན་མཆོག
118a3 འབྱུང་བ་དེ་ལྟ་བུ་ཐོས་པར་གྱུར་པ་ནི་ཁྱོད་ཀྱིས་ཐོབ་པར་བྱ་བ་ལེགས་པར་ཐོབ་བོ། ། དེ་ནས་འཁོར་དེར་ཚོགས་པའི་ནང་ན་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་པར་གྱུར་ཏོ།། ལྷ་མོ་འདིས་དེ་སྲིད་ཅིག་ནས་ཆོས་ཀྱི་རྣམ་གྲངས་འདི་ཐོས
118a4 དེ་སྙེད་ཀྱི་དེ་བཞིན་གཤེགས་པ་མང་པོ་ལ་བསྙེན་བཀུར་བྱས་ཀྱང་། འདི་བུད་མེད་ཀྱི་ལུས་ལས་མ་བསྒྱུར་སྙམ་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས། ལྷའི་བུ་དེ
118a5 དག་གི་སེམས་ཀྱི་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་ལྟར་ལྷ་མོ་མི་འཆི་བ་འདིས་ཆོས་ཀྱི་རྣམ་གྲངས་འདི་ལྟར་རྫུ་འཕྲུལ་ཆེ་བ་ཐོབ་ལ། དེ་བཞིན
118a6 གཤེགས་པ་དེ་སྙེད་དུ་མང་བ་ཞིག་བསྙེན་བཀུར་བགྱིས་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་བུད་མེད་ཀྱི་ལུས་མ་བསྒྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་སེམས་ཅན་གྱི་དོན་ནི་རྒྱུའོ།། སེམས་ཅན་གྱི་དོན་ནི་རྐྱེན
118a7 ཏོ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ལྷ་མོ་མིའིའཆི་བ་ནི་རྣམ་པར་ཐར་པ་བསམ་གྱིས་མེ་ཁྱབ་པ་ལ་གནས་པ། རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་སྟེ། རིགས་ཀྱི་བུ་ལྷ་མོ་མི་འཆི་བས་གང་ཡང་དག་པར་ལེན་དུ་བཙུད་པ་དང་། གཟེད་བསྟོད་པ
118a8 དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་ཡོངས་སུ་མྱ་ངན་ལས་འདས་པའི་སངས་རྒྱས་ནི་བགྲང་བ་ལས་འདས་པ་ཞིག་ངས་མངོན་པར་ཤེས་ཏེ། རིགས་ཀྱི་བུ་དེ་ལྟར་ན་ལྷ་མོ་མི་འཆི་བ་ནི་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ་སྟེ། རིགས
iiif viewer powered by OpenSeadragon
117b - 118b