e-texts navigator
Collection
Volume
Page
Wylie

214b1 ཐབས་ཀྱིས་སྤྲུལ་པ་དག་ནི་ཡོངས་སུ་སྟོན།། དེ་བཞིན་གཤེགས་པའི་སྐུ་ཡང་མཐའ་ཡས་ཏེ། བློ་གྲོས་མཐའ་ཡས་གྲགས་པའང་མཐའ་ཡས་ཏེ།། དེ་བཞིན་གཤེགས་པའི་གཟིག་བརྗིད་མཐའ་ཡས་ཏེ།། བདེ་གཤེགས
214b2 མཐའ་ཡས་མཐའ་ཡས་སྟོབས་ཆེན་སྟོན། ། གསང་བ་མཐའ་ཡས་མཐའ་ཡས་དགོངས་དག་སྟོན།། འཇིག་རྟེན་རབ་ཏུ་སྣང་མཛད་མཐའ་ཡས་སོ།། དེ་བཞིན་གཤེགས་པའི་འོད་ཟེར་མཐའ་ཡས་པ། ཡོན་ཏན
214b3 མཐའ་མེད་གྲངས་ལས་ཤིན་ཏུའདས། ། དེ་བཞིན་གཤེགས་ནི་མཚུངས་མེད་དཔག་ཏུ་མེད།། ཆགས་མེད་ཡེ་ཤེས་ནམ་མཁའ་ལྟ་བུར་སྟོན།། དེ་བཞིན་གཤེགས་པའི་སྐུ་ནི་ནམ་མཁའ་བཞིན།། འཇམ་དཔལ
214b4 གཞོན་ནུར་གྱུར་པ་ཞི་བར་བྱེད། སོར་ཕྲེང་སླད་དུ་བདེ་གཤེགས་གཤེགས་པ་ནི།། གཤེགས་དང་མ་གཤེགས་ཤེས་ཀྱང་བརྗོད་མི་ནུས།། བདེ་གཤེགས་སྒྲ་ཅན་ཟིན་ལྟར་སྙོམས་པར་གཟིགས།། དེ་སྐད་ཅེས
214b5 གསོལ་པ་དང་། བཅོམ་ལྡན་འདས་དགྱེས་སོ།། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་དང་། ཉན་ཐོས་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། མཛོད་འཛིན་གྱི་རྒྱལ་པོ་གསལ།
214b6 རྒྱལ་གྱིས་དེ་དག་ཐམས་ཅད་ཀྱང་སོར་མོའི་ཕྲེང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། དེའི་སངས་རྒྱས
214b7 ཀྱི་ཞིང་དུ་སྐྱེ་བ་དང་། བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཡི་རངས་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཤིན་ཏུ་རྒྱས་པའི་ལུང་ཐེག་པ་ཆེན
214b8 པོའི་མདོ་ལས། མེ་ཏོག་ཨུ་དུམ་འབར་ར་ལྟར་རབ་ཏུ་རྙེད་དཀའ་བ། འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་།




iiif viewer powered by OpenSeadragon

214a - 215a

Texts on this page

Q879 - 'phags pa sor mo'i phreng ba la phan pa zhes bya ba theg pa chen po'i mdo