| | e-texts navigator
|
213a1 ངན་འགྲོ་བཞིའི་སྒོ་བཅད་པར་འགྱུར་རོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་འདི་གཉིས་ཀྱི་མིང་གིས་བསྲུང་བར་བྱས་ན་དགོན་པ་ཐམས་ཅད་དང་། འཇིགས་པའི་དུས་ཐམས་ཅད་དུའང་བསྲུང་བར་འགྱུར་རོ།། ཕྱིས
213a2 འཇིགས་པ་ཐམས་ཅད་ཀྱང་བསྲུང་བར་འགྱུར། འཇིགས་པ་བྱུང་བ་ཐམས་ཅད་ཀྱང་ཞི་བར་འགྱུར་རོ།། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟས་ཀྱང་མི་ཚུགས་སོ།། ཡང་བཅོམ་ལྡན
213a3 འདས་ཀྱིས་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། སངས་རྒྱས་ཀྱི་ཚིག་ནི་ཆེ་བའི་བདག་ཉིད་དོ།། བྱང་ཆུབ་སེམས་དཔའི་སྤྱོད་པའི་ཆེ་བའི་བདག་ཉིད་ནི་དེ་ལྟའོ།། སོར་མོའི་ཕྲེ་བ་དང་། འཇམ་དཔལ་གཞོན་ནུར
213a4 གྱུར་པའི་ཆེ་བའི་བདག་ཉིད་གླང་པོ་ཆེ་འདི་གཉིས་ལ་རྗེས་སུ་ཡི་རང་བར་གྱི་ས་ལ། བྱང་ཆུབ་སེམས་དཔའི་སྤྱོད་པའི་ཡང་སྐྱེད་ཅིག། སོར་མོའི་ཕྲེང་བའི་མ་ཡང་མརྗེད་པར་གསོས་ཤིག། ངས་སོར་མོའི་ཕྲེང་བའི་ལག་ནས་དེའི
213a5 མ་རྒན་མོ་ཐར་བར་བྱས་ཏེ། སོར་མོའི་ཕྲེང་བ་ཁྱོད་ཀྱིས་མ་མ་བསད་ཅིག། བསད་པས་མཐོ་རིས་སུ་མི་འགྲོའོ་ཞེས་བྱས་པ་དང་། རལ་གྲི་ཐོགས་པས་འོངས་ནས་སྐད་ཅིག་དེ་ཉིད་ལ་དེའི་བར་དུ་འདུག་པ་ནི་ཆོས་ལ་གཞུག་པའི
213a6 ཐབས་སོ། ། དེ་ནས་སོར་མོའི་ཕྲེང་བའི་མ་ཏ་ལ་བདུན་ཙམ་གྱི་ནམ་མཁའ་ལ་འདུག་ནས་ཚིགས་སུ་བཅད་པ་འདི་ཞེས་སྨྲས་སོ།། དེ་བཞིན་གཤེགས་ཀྱི་སྒྱུ་མ་སྤྲུལ་པ་ནི། སེམས་ཅན་མང་པོ་དག་གིས་མི་ཤེས་ཏེ། སངས
213a7 རྒྱས་སྒྱུ་མའི་རྒྱལ་པོ་སྐུ་ཆེ་ཞིང་། དེ་བཞིན་གཤེགས་པ་ཐབས་ཀྱི་སྐུ་མདའོ།། དེ་དེ་སྐད་ཅེས་སྨྲས་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། དེ་ནས་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས
213a8 གསོལ་ཏོ། ། བཅོམ་ལྡན་འདས་དེ་ཅི་སྒྱུ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མ་འདི་ནི་སྤྲུལ་པ་ཡིན་ནོ།། སྤྲུལ་པའི་མས་ཇི་ལྟར་སྨྲས་པ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སྤྱོད་པ
iiif viewer powered by OpenSeadragon
212b - 213b