e-texts navigator
Collection
Volume
Page
Wylie

212a1 ཕྲེང་བ་འདི་ཉིད་ཡིན་ཏེ། དེ་ལྟར་ན་སངས་རྒྱས་ཀྱི་ཆེ་བ་དེ་དང་འདྲ་སྟེ། སངས་རྒྱས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པོ།། དེ་ནས་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པ་རྣམས་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ
212a2 རྣམས་དང་། མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་དང་། ཡན་ལག་བཞིའི་དཔུང་གི་ཚོགས་དང་བཅས་པ་མོ་འདེབས་པ་དང་། ལོ་རྩི་བ་རྣམས་ལ་ཀྱེ་མ་བརྫུན་སྨྲ་བ་ཁྱེད་ངའི་དྲུང་ནམ་གནས་ཤིག་ཅེས་བརྒྱད་ཅིང་སྨད་ནས
212a3 བསྲད་དོ། ། དེ་ནས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་ཁམས་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་དང་། གྲོང་དང་གྲོང་ཁྱེར་དང་། ཚོང་འདུས་དང་། ལུང་བའི
212a4 རྣམས་དང་། དེ་ཁྲོད་པ་དང་། མཉན་དུ་ཡོད་པའི་ཡུལ་ན་གནས་པའི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་མཐས་ལྷགས་ཏེ། སོར་མོའི་ཕྲེང་བའི་རྐང་པ་ལ་མགོ་བས་ཕྱག་འཚལ་ནས་མགྲིན་གཅིག
212a5 ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། ། མཐའ་ཡས་སྐུ་མདའ་ཁྱེད་ལ་ཕྱག་འཚལ་ལོ།། ཐབས་ཀྱི་སྐུ་མདའ་ཁྱེད་ལ་ཕྱག་འཚལ་ལོ།། སོར་ཕྲེང་ཁྱེད་ཀྱི་ཞབས་ལ་མགོ་གཏུགས་ནས།། ཁྱོད་ཀྱི་འཇམ་པའི་ཞབས
212a6 ལ་བཟོད་པར་གསོལ། ། དེ་བཞིན་གཤེགས་པ་སོར་ཕྲེང་མཚན་འཛིན་པ།། བྲམ་ཟེའི་གཟུགས་ཀྱིས་བདག་ཅག་དོན་ཕྱིར་གཤེགས།། སངས་རྒྱས་སྐུ་མདོག་འབར་བ་དེད་འདིར་གཤེགས།། དཔལ་ལྡན་གཟི་བརྗིད
212a7 མཐུ་མདའ་བཟོད་པར་གསོལ། ། ཚིག་གིས་མངོན་དུ་གསུང་བ་མཐའ་ཡས་སྐུ།། ཁྱེད་ནི་ཡང་དང་ཡང་བྱེད་མང་པོ་ཡི། ཡང་དག་སངས་རྒྱས་སྐྱབས་བྱེད་སྐྱབས་སུ་གྱུར།། གཉེན་མེད་རྣམས་ཀྱི་གཉེན་དུ་གྱུར་པ་ཁྱོད། སངས
212a8 རྒྱས་འཇིག་རྟེན་འདས་པ་གཉིས་མཛེས་ཏེ། འདི་ན་ཆོས་སྤྱོད་ཤིན་དུ་ངོ་མཚར་རྨད། མེ་ལས་པད་མོ་སྐྱེ་བ་ངོ་མཚར་བཞིན།། འཇིག་རྟེན་སངས་རྒྱས་གཉིས་སྟོན་མཆོག་དེ་འདྲ། དེ་ནས་བཅོམ་ལྡན་འདས་ཀྱིས་མཛོད་འཛིན




iiif viewer powered by OpenSeadragon

211b - 212b

Texts on this page

Q879 - 'phags pa sor mo'i phreng ba la phan pa zhes bya ba theg pa chen po'i mdo