| | e-texts navigator
|
211b1 གཟུགས་མཐོང་ནས་སེམས་གྱུར་ཏེ། སྡིག་པ་རབ་ཏུ་བྱེད་པ་ལྟར་མཁན་པོའི་ཆོས་ཀྱིས་རྩེ་བར་ཐམས་ཅད་རྟོག་པར་འགྱུར་རོ།། རྒྱལ་པོ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་འདི་ལྟ་སྟེ་དཔེར་ན། གླང་པོ་ཆེ་བརྡེག་པ་ནི་དྲང་བུས
211b2 མི་བཟོད་དོ། ། དེ་བཞིན་དུ་རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་མི་མཆོག་གླང་པོ་ཆེའི་དགོངས་ཏེ། གསུང་བའི་གསང་བའི་སོས་ཕོག་པའང་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་མི་བཟོད་དོ།། དེ་ལྟར་ན་དེ་བཞིན
211b3 གཤེགས་པས་དགོངས་ཏེ་གསུངས་པའི་གསང་བས་ཕོག་པའང་དེ་བཞིན་གཤེགས་པ་ཉིད་ཀྱིས་བཟོད་དོ། ། རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་ལོགས་སུ་གང་གཱའི་ཀླུང་དྲུག་བཅུ་རྩ་གཉིས་ཀྱི
211b4 མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
211b5 འཇིག་རྟེན་ཐམས་ཅད་མཐོང་ན་དགའ་བ་མངོན་པར་འཕགས་པ་བརྩོན་པ་ཆེན་པོ་ཞེས་བྱ་བ་ད་ལྟར་བཞུགས་པ་འཚོ་ཞིང་གཞེས་ཏེ། དེ་ན་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་མེད་ཐེག་པ་ཅིག་ལས་ཐེག་པ་གཞན
211b6 ཀྱེ་མིང་ཡང་མེད། རྒ་བ་དང་། ན་བ་དང་། སྡུག་བསྔལ་ཡང་མེད། ཡིད་མི་བདེ་བ་ཡང་མེད། རབ་ཏུ་བདེ་བ་ཐམས་ཅད་དང་ལྡན་དེ། སེམས་ཅན་དེ་དག་ཆེ་དཔག་ཏུ་མེད། སེམས་ཅན་དེ་དག་ཐམས་ཅད་གཟི་བརྗིད་དང་།
211b7 དོག་ཚད་མེད་དེ། འགྲོ་བ་དེ་དག་གི་དེཔེ་དང་རྒྱུ་དང་། བྱེད་པ་མེད་པ་དང་། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ་ལྟ་བུ་དཔེ་མེད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ
211b8 སངས་རྒྱས་འཇིག་རྟེན་ཐམས་ཅད་མཐོང་ན་དགའ་བ་མངོན་པར་འཕགས་པ་བརྩོན་པ་ཆེན་པོ་དེ་ལ་རྒྱལ་པོ་ཆེན་པོ་ཐལ་མོ་སྦྱར་ལ་རྗེས་སུ་ཡི་རང་བར་གྱིས་ཤིག། དེ་བཞིན་གཤེགས་པ་དེ་ནི་སོར་མོའི
iiif viewer powered by OpenSeadragon
211a - 212a