| | e-texts navigator
|
209b1 དམག་མི་ཐམས་ཅད་ཀྱང་རང་གི་ཁྱིམ་ནས་འབྱུང་ངོ་། ། དེ་བས་ན་བྱ་ཁྲས་བྱ་རོག་དང་། བྱ་བྲན་སྐྲག་པ་བཞིན་དུ་བདག་ཅག་གི་སྐྱེ་བོ་ཐམས་ཅད་དང་། ཤིང་ཐུན་དང་། རྩ་རྔ་བ་དང་། ཡུལ་གཞན་གྱི་མི་དང་། སྐྱེ་བོ་འདྲོན་པའི་རྣམས་ཀྱང
209b2 དེའི་མིང་ཙམ་གྱིས་མི་རྒྱུ་ཞིང་མི་སྨྲ་བར་གྱུར་ཅིང་འདུག་གིས་མྱུར་དུ་སྦྲོན་པ་ཁྱེར་ཏེ། ཡུལ་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ཡན་ལག་བཞི་པའི་དཔུང་གི་ཚོགས་དང་ལྷན་ཅིག་ཏུ་ཆས་ཏེ། སྲིན་པོ་མ་རུངས་པ་གཏུམ་པོ
209b3 སོར་མོའི་ཕྲེང་བ་བསད་པར་བྱིན་གྱིས་བཀྲབས་པ་ཐམས་ཅད་ཀྱང་རལ་གྲི་དང་། གཞུ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདུང་ཐུང་དང་། ཕུབ་ལག་ན་ཐོགས་ཏེ། མཚོན་ཅ་དང་། ལག་ཆ་ཐམས་ཅད་རྣོན་པོར་བྱོས་ཏེ། ལེགས་པར་ཆོས་ལ
209b4 ཤོག་ཤིག། གང་གིས་སྲིན་པོ་མ་རུངས་པ་སོར་མོའི་ཕྲེང་བ་བསད་དམ། མཚོན་གྱིས་བཏབ་པམ། བ་ཀླང་ཞོན་པ་དག་སྨས་སམ། གང་དག་སྨས་ཀྱང་གཡུལ་ལས་ཕྱིར་མི་ལྡོག་ན་བ་གླང་འདོད་ན། ཡང་བལ་གླང་གི
209b5 མཆོག་སྦྱིན་ནོ། ། ཏ་འདོད་ན་ཡང་རྟ་བཞོན་པ་སྦྱིན་ནོ།། གསེར་འདོད་ན་ཡང་གསེར་དང་གསེར་གྱི་དོང་ཚེ་དང་ནམ་ས་ཡ་སྦྱིན་ནོ།། དངུལ་འདོད་ན་ཡང་དངུལ་ས་ཡ་སྦྱིན་ནོ།། རྡོ་རྗེ་དང་། ནོར་བུ་དང་། དུང་དང་། མན་ཤེལ་དང་།
209b6 བྱི་རུ་དང་། རིན་པོ་ཆེ་སྣ་བདུན་ས་ཡ་སྙེད་སྦྱིན་ནོ།། གོས་འདོད་པ་ལ་ཡང་ལྷའི་གོས་དང་། དར་དང་། རས་ཕྲན་ཀོ་ཏམ་པ་དང་། ཡུལ་བང་གི་རས་དང་། ཡུལ་མ་ཏུ་ར་དང་། བ་རུ་ཀ་ཙ་དང་། བ་རིང་དྲ་དང་། ལྷོ་ཕྱོགས་པ་དང
209b7 སང་ཀཱ་ཤི་ཀ་དང་། ཀུ་རུ་བནཿ་ལའི་རས་བམ་རྣམ་པ་མང་པོ་སྦྱིན་ནོ།། ཞིང་དོར་དང་། གྲོང་དང་མ་ཧེ་དང་། བུད་མེད་འདོད་པའང་ཐམས་ཅད་ཀྱི་མཆོག་སྦྱིན་ནོ་ཞེས་བསྒྲགས་སོ།། དེ་ནས་སོར་མོའི་ཕྲེང་བའི་མིང་ཙམ་གྱིས
209b8 ཞམ་རིང་བ་ལ་གཏོགས་སོ་ཞེས་སྐྲག་སྟེ། གཅིག་ཀྱང་ཕྱིར་མ་ཕྱུང་ངོ་།། བཙུན་མོའི་འཁོར་དང་། ཞམ་རིང་བ་ཡང་ཁྱི་དང་འདྲ་བར་གཞན་གྱི་དབང་དུ་གྱུར་པས་འཚོ་བ་འཆི་བ་ལ་ཐུག་པར་གྱུར་ཏེ། རང་རང་གི་ལག
iiif viewer powered by OpenSeadragon
209a - 210a