| | e-texts navigator
|
209a1 ཨེས་བགྱི་བ་འདྲ་བར་རྒྱས་ཀྱི་ཤིང་ཏ་སྟཱར་ཏ། ཙིནས་དེ་བཞིན་གཤེགས་པའི་སྣང་པོ་རྟག་པ་ཉིད་དང་། ཐེར་ཟག་པ་ཉིད་དང་། གསུང་དྲུ་ཉིད་དང་། ནི་བ་ཉིད་དུ་འཇིག་ན་རྒྱས་པར་འགྱུར་བ་དེ་ལྟར
209a2 བདག་གི་སྲོག་ཀྱང་བཏང་སྟེ། བདག་གི་དགེ་སློང་གི་ཚུལ་གྱིས་བསྟན་ཅིང་བསྐལ་པ་ཐམས་ཅད་དུ་རྣམ་པར་དག་པར་བགྱིས་པར་གྱུར་ཅིག། དེ་ནས་དབང་པོའི་བུ་མང་པོ་དང་། བུད་མེད་དང་། བུ་མོ་དང་། ལྷ་གཞན་དག་གིས
209a3 བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་བདག་ཀྱང་སྲོག་ཀྱང་བཏང་སྟེ། དགེ་སློང་གི་ཚུལ་དང་། དགེ་སློང་མའི་ཚུལ་དང་། དགེ་བསྙེན་གྱི་ཚུལ་དང་། དགེ་བསྙེན་མའི་ཚུལ་གྱིས་སྐྱེས་བུདས
209a4 པ་དེའི་གཡོག་འཚལ་ལོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ།། རིགས་ཀྱི་བུ་དམ་པའི་ཆོས་འདོད་པ་ཁྱེད་ཐམས་ཅད་དེ་བཞིན་གྱིས་ཤིག་ངས་ཀྱང་དམ་པའི་ཆོས་འདོད་པ་དེ་དག་བསྲུང་བར
209a5 བྱའོ། ། དེ་དག་གི་ཐང་དུར་རྟག་ཏུ་འཆག་ཅིང་གནས་སོ།། ཁྱེད་རྣམས་ཅི་ནས་ཀྱང་ཁ་ལོ་སྒྱུར་བ་དང་། དེའི་བྱིས་པ་ཤེས་ཤིང་བརྟན་པར་གྱི་ས་ལ། དེ་ནས་ཁྱེད་ཐམས་ཅད་ཀྱིས་རྟག་པའི་གནས་ནི་དེ་བཞིན་གཤེགས་པའི་གནས
209a6 ཡིན་ནོ་ཞེས་སྟོན་ཅིག། དེ་ནས་ཡུལ་མཛོད་འཛིན་གྱིས་རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་དང་། དམག་དཔོན་ལ་བསྒོ་བ། དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་དོང་ལ། མིའི་གཟུགས་སུ་སྲིན་པོ་མི་གཉིས
209a7 སྟོང་དུ་གཅིག་གིས་མ་ཚང་བ་བསད་དེ། སོར་མོའི་ཕྲེང་བ་བྱེད་ཁྲག་གིས་སྐུས་ཤིང་སྟོབས་དང་རྩལ་ཆེན་པོ་རབ་ཏུ་འཁྱམ་ཞིང་གྲོང་ཁྱེར་འདི་ནས་གནས་པའི་དགོངས་བཞི་བཅུ་ཙམ་ན་འདུག་ཅིང་། བདག་གི་མ
209a8 ཡང་དེང་བསད་དེ་ཉིས་སྟོང་དུ་ཚང་བར་བྱའོ་སྙམ་ནས། དེ་རབ་དགའོ་ཞེས་གྲག་གིས་མ་རུངས་པ་སྡིག་ཅན་གཏུམ་པོ་འདི་བསད་ན། གདོང་བདག་ཅག་གྲོང་དང་། གྲོང་ཁྱེར་དང་། རི་ཁྲོད་ཀྱི་གྲོང་དང་། ལུང་པའི་གནས་ན
iiif viewer powered by OpenSeadragon
208b - 209b