e-texts navigator
Collection
Volume
Page
Wylie

122b1 ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་དང་། འོད་ཕྲེང་དང་། ཀློག་གི་འོད་དང་། སྤྱན་རྣམ་པར་དག་པ་དང་། བྱམས་པ་དང་། མི་འཇིགས་མཛད་དང་སྨན་རས་གཟུགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། འཇམ་དཔལ་དང་སློབ
122b2 པདཔའ་བོ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། སྨན་རས་གཟུགས་དང་ཀུན་དུ་བཟང་པོ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་བཅུ་རྩ་བཞིས་བཅོམ་ལྡན་འདས་ལ་འདི
122b3 སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སླད་མའི་དུས་སླད་མའི་ཚེ་སྙིགས་མ་ལྔ་ལ་བབ་པ་ན་བདག་ཅག་གིས་མདོ་སྡེ་དི་རྒྱས་པར་བགྱིའོ།། བཅོམ་ལྡན་འདས་གང་མདོ་སྡེ་འདི་ལ་མོས་པའི་སེམས་ཅན་དེ་ནི་ཡོངས་སུ་མྱ་ངན་ལས
122b4 འདས་པར་རིག་པར་བགྱིའོ། ། བཅོམ་ལྡན་འདས་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱི་རྣ་བར་མདོ་སྡེ་འདི་ཐོས་པར་མི་འགྱུར་ཏེ། གང་དག་རྒྱ་ཆེར་འཇུག་པ་དེ་དག་གི་ཡོན་ཏན་གྱི་མཐའ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག
122b5 སྟོང་དུ་རྟོགས་པར་དཀའ་ལགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ།། དེ་ལྟར་ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པའི་བ
122b6 པ་ལ་གདོས་པ་འཛིན་པ་ལྟ་བུར་གྱིས་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་དང་ཐམས་ཅད་དང་ལྡན་པའི་འཁོར་ལྷ་དང་། མི་དང་། ལྷ་མ་ཡིན་དང་།
122b7 དྲི་ཟེར་བཅས་པའི་འཇིག་རྟེན་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡིད་རངས་སྟེ་མངོན་པར་བསྟོད་དོ།། འཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། རྒྱ་གར་གྱི་མཁན
122b8 པོ་བི་དྷ་ཀར་སིང་ཧ་དང་། ལོ་ཙ་བ་བན་དྷེ་སྭ་རྗེ་ཡེ་ཤེས་སྙིང་པོས་བསྒྱུར་བ་ནས་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། ཨཱརྱ་ཤ་ལི་སྟམ་པ་ནཱ་མ་མ་ཧཱ་ཡཱནཱ་སུ་ཏྲ། བོད་སྐད་དུ། འཕགས་པ་སཱ་ལུའི་ལྡང་བ་ཞེས་བྱ




iiif viewer powered by OpenSeadragon

122a - 123a

Texts on this page

Q875 - 'phags pa seng ge'i sgra bsgrags pa zhes bya ba theg pa chen po'i mdo
Q876 - 'phags pa sA lu'i ljang ba zhes bya ba theg pa chen po'i mdo