e-texts navigator
Collection
Volume
Page
Wylie

120a1 མཐོང་ལགས་སོ། ། བདེ་བར་གཤེགས་པ་མཐོང་ལགས་སོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་འདི་ལ་ངས་ཁྱོད་ག་ལས་འོངས་ཏེ་ཤེས་དེ་སྐད་དྲིས་ན། དེ་ཅང་མི་སྨྲ་བར་ཁ་རོག་འདུག་ཏེ།
120a2 གས་ཀྱི་བུ་ངས་དོན་གྱི་དབང་འདི་མཐོང་ནས་འདིར་འཛུམ་པ་མཛད་དོ།། དེ་བཞིན་གཤེགས་པས་སྨྲས་པའི་ལན་དེ་ཅིའི་ཕྱིར་འདིས་མ་གསོལ་སྙམ་དུ་འཁོར་འདི་དག་ཐམས་ཅད་ཐེ་ཙོམ་དུ་གྱུར་ཏོ།། རིགས་ཀྱི་བུ་ངས་སྨྲས་པའི་ལན
120a3 སྐྱེས་པ་དམ་པ་འདིས་ཅིའི་ཕྱིར་མ་གསོལ་ཅེ་ན། འོང་བ་དང་། འགྲོ་བ་མེད་པའི་ཆོས་རྣམས་ལ། བཅོམ་ལྡན་འདས་བདག་ལ་ཁྱོད་ག་ལས་འོངས་ཞེས་འོང་བ་རྨེད་པར་མཛད་དོ་སྙམ་མོ་ཆོས་ཐམས་ཅད་བརྗོད་དུ་མ་མཆིས་པར་ཡང
120a4 བློ་བར་ཆུད་ན། བཅོམ་ལྡན་འདས་ག་ལས་འོངས་ཤེས་བྱུང་བའི་གནས་ལ་བདག་གིས་གསོལ་པ་སྤྲོ་བ་མ་མཆིས་སོ་སྙམ་དུ་སེམས་སྟེ། རིགས་ཀྱི་བུ་མདོར་ན་རིགས་ཀྱི་བུ་འདིས་ཆོས་ཐམས་ཅད་བསྟན་ཏེ། ཡང་དག་པའི་ཆོས་སྟོན་པ
120a5 ཡིན་ནོ། ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོས་ཡི་གེ་མེད་པའི་ཆོས་དང་། ཚིག་མེད་པ་དང་། བརྗོད་ཏུ་མེད་པ་དང་། ཡི་གེ་དང་བྲལ་བ་དང་། མཚན་མ་མེད་པ་དང་། མཚན་མ་དང་བྲལ་བ་དང་། བླ་བ
120a6 མེད་པ་དང་། བླང་བ་དང་བྲལ་བ་དང་། འོང་བ་མེད་པ་དང་། མཐོང་བ་མེད་པ་དང་། གནས་པ་མེད་པ་དང་། སེམས་དང་ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བ་དང་། རྒྱུ་རྐྱེན་དང་བྲལ་བ་དང་། ཚིག་མེད་པ་དང་། རྣམ་པར་རིག་པ་མེད
120a7 པ་དང་། ལྟ་བ་མེད་པ་དང་། ཐེར་ཟུག་ཏུ་གནས་པ་མེད་པ་དང་། ཚིག་གིས་བརྗོད་དུ་མེད་པ་དང་། བརྡ་མེད་པ་དང་། ཡ་གེ་གཅིག་ལ་འདི་ལྟ་སྟེ། ཡང་དག་པ་མ་ཡིན་པ་དང་། བསགས་པ་མེད་པའི་གནས་པ་དང་། ཡི་གེ་མེད་པ་དང་།
120a8 གདུལ་བ་མེད་པ་རྣམས་ལ་སུ་ཞིག་སྟོན་སྙམ་དུ་ཤེས་ནས་རིགས་ཀྱི་བུ་བསྟན་པ་མེད་པ་འདིར་བསྟན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་ལུས་འོད་གསལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད




iiif viewer powered by OpenSeadragon

119b - 120b

Texts on this page

Q875 - 'phags pa seng ge'i sgra bsgrags pa zhes bya ba theg pa chen po'i mdo