| | e-texts navigator
|
119b1 བདག་ཅག་གིས་འོད་ཟེར་གྱི་སྡང་བ་འདི་ལྟ་བུ་དག་སྔོན་ནམ་ཡང་མ་མཐོང་ལགས་སོ། ། བཅོམ་ལྡན་འདས་འདིའི་དོན་དེ་ནི་ལེགས་པ་ལེགས་ཏེ། གང་བཅོམ་ལྡན་འདས་ཀྱིས་འཛུམ་པ་དེ་ལྟ་བུ་མཛད་པའི་དོན་དེ་བདག་ཅག་ལ་ཐུགས་ཅུ
119b2 བར་དགོངས་ཏེ་ལུང་བསྟན་དུ་གསོལ། ། དེ་ནས་བྱང་ཆུབ་སེམས་དཔའ་འོད་ཕྲེང་གིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ།། རྣམ་འདྲེན་གང་ཟག་མཆོག་སྟེ་ཐུགས་རྗེ་ཅན།། རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་ན།།
119b3 བདག་དང་འཇིག་རྟེན་སྣང་མཛད་ཐུགས་རྗེ་ཅན།། འཛུམ་མཛད་རྒྱུ་དང་མཛད་ནུ་ངེས་པར་གསུངས།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་འཕགས་འཛམ་བུ་རྔ་བའི་གསེར་ལྟར་སྣང་ཞིང་འོད་ཟེར་བྱེ་བ་ཁྲག་ཁྲིག་བ
119b4 སྟོང་ཕྲག་དུ་མ་རབ་ཏུ་འབྱེད་པ། སྐུའི་གཟུགས་དང་མདོག་གཟི་བརྗིད་ཀྱིས་འབར་བ་དེ་ལ་བྱང་ཆུབ་སེམས་དཔའ་འོད་ཕྲེང་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཆོ་འཕྲུལ་མང་པོ་མཐོང་ལགས་ཏེ། བདག་གིས
119b5 སྔོན་འོད་ཟེར་གྱི་སྣང་བ་འདི་ལྟ་བུ་རྣམས་ཀྱང་མ་མཐོང་ལགས་སོ། ། འོད་ཕྲེང་ཕྱོགས་འདིར་དེ་བཞིན་གཤེགས་པའི་འོད་ཟེར་གྱི་སྣང་བ་འདི་ལྟ་བུ་ཆུང་ངུ་ཞིག་མཛད་དེ། མཚན་མ་སྣང་བ་དེ་དག་ནི་ཆུ་མེད་པ་མ་ཡིན། བྱེད་དྲུ་མེད་པ་མ་ཡིན།།
119b6 འོད་བྲེང་ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉེན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ།། དོན་གང་གི་ཕྱིར་ངས་འཛུམ་པ་མཛད་པ་ཐོས་ནས་ཀྱང་རིགས་ཀྱི་བུ་ཁྱོད་ཀྱིས་སྐྲག་པར་མི་བྱ། དངང་བར་མི་བྱ། དངང་བར་འགྱུར་བར་མི་བྱ།
119b7 སོམ་ཉིས་མི་བྱ། ཐེ་ཙོམ་དུ་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་བོ།། སྨོན་ལམ་ནི་བསམ་གྱིས་མེ་ཁྱབ་བོ།། རྣམ་པར་འཕྲུལ་པ་ནི་བསམ་གྱིས་མི་ཁྱབ་བོ།། དོན་དེ་དག་ཡང
119b8 དག་པར་མཐོང་ནས་ཐེ་ཙོམ་མ་བྱེད་ཅིག། འོད་ཕྲེང་གང་འདི་ལྟར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་དེའི་དྲུང་དུ་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་བཏང་བ་འདི་ཁྱོད་ཀྱིས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས
iiif viewer powered by OpenSeadragon
119a - 120a