| | e-texts navigator
|
119a1 དཔའ་རྣམ་པར་རྒྱལ་བའི་ཕུང་པོ་ཕྱོགས་གཅིག་ཏུ་འདུག་པ་དང་། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་འཕགས་དེས་བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས
119a2 ཀྱེ་བུ་ཁྱོད་ག་ལས་འདིའི་འོངས། དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཅང་མི་སྨྲ་བར་ཁ་རོག་འདུག་གོ།། དེའི་ཚེ་དེར་འཁོར་འདུས་པ་གང་ལྷ་དང་། ཀླར
119a3 གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དེ་དག་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་འདི་འཇིག་རྟེན་གསུམ།
119a4 གྱི་བླ་མས་བཀའ་སྩལ་པ་ལ་ལན་མི་གསོལ་བར་ཁ་རོག་འདུག་ཞིག་གུ་སྙམ་མོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེར་སེང་གི་བསྒྱིངས་པ་ལྟ་བུས་ཕྱོགས་བཅུར་གཟིགས་ནས་འཁོར་ཐམས་ཅད་ཐེ་ཙམ་དུ་གྱུར་པར་ཐུགས
119a5 སུ་ཆུད་ནས་འཛུམ་པ་མཛད་དོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་འཕགས་དེ་འཛུམ་པ་མཛད་པའི་འོད་ཀྱི་སྣང་བ་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བརྒྱ་སྟོང་ཕྲག་དུ་མས་ཕྱོགས་བཅུ་སྣང་བར་མཛད་དོ།། དེ་ནས་སྐད
119a6 ཅིག་དེ་ཉིད་ལས་ཆེན་པོ་གཡོས་པར་གྱུར་ཏོ། ། ཕྱོགས་བཅུནས་ཀྱང་བྱང་ཆུབ་སེམས་དཔའ་གཟུགས་དང་། ཁ་དོག་དང་། ཚུལ་དུམ་འཆད་པ་དག་བཅོམ་ལྡན་འདས་ཀྱི་ཆོ་འདྲུལ་ཆེན་པོདེ་མཐོང་ནས་འཇིག་རྟེན་གྱི་ཁམས་དེར
119a7 ཐམས་ཅད་འདུས་ཏེ། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་རང་རང་གི་དགེ་བས་བསྒྲུབས་པས་འདུག་སྟེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་ཐལ་མོ
119a8 སྦྱར་བ་བཏུད་དེ། ངོ་མཚར་དུ་གྱུར་པ་དང་། རྨད་དུ་གྱུར་པས་འཛུམ་དསུལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་འོད་ཟེར་གྱི་ཆོ་འཕྲུལ་དུ་མདག་མཐོང་ལགས་ཏེ། བཅོམ་ལྡན་འདས
iiif viewer powered by OpenSeadragon
118b - 119b