| | e-texts navigator
|
114b1 དུ་འོངས་ནས་བདག་ནི་སྨན་པའོ།། བདག་ནི་སྨན་པའོ་ཞེས་བདག་ཉིད་ཁས་འཆེའོ།། དེ་ནས་དེ་མ་ཐག་ཏུ་སྲོག་ཆགས་ནད་སྣ་ཚོགས་ཀྱིས་གཟིར་བ་སྟོང་ཕྲག་དུ་མ་སྲོག་གི་སྐྱབས་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྡོ་རྗེའི
114b2 རྒྱལ་མཚན་ག་ལ་བ་དེར་ལྷགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་མོས་པའི་མཐུ་ལ་གནས་པའི་སེམས་ཀྱིས་སེམས་ཅན་དེ་དག་ལ་ཆོས་ཀྱི་གཞུང་འདིས་བྲིམས་སོ།། ཆོས་ཀྱི་རྣམ་གྲངས་འདི་ལས་གང
114b3 རིགས་སྔགས་འབྱུང་བ་དེ་དག་གིས་ཀྱང་བསྲུང་བ་དང་བསྐྱབ་པ་དང་། ཡོངས་སུ་བཟུང་བ་བྱས་སོ།། འཇམ་དཔལ་དེ་ལ་རིགས་སྔགས་ཀྱི་ཚིག་དེ་དག་ཀྱང་གང་ཞེ་ན། ཏད་ཡ་ཐཱ། ཨ་ལ་ཏ། བི་ཏཱ་ལ། བི་བི་ན། ཨ་ཏིརཱ། ཨ་བྷི་ད།
114b4 ཨ་ནུ་ཊ། བི་པྲ་མྱ། ཧ་ནི་ཁ་ག་རུ་ད། མཱ་ཡཱ་སུ་ཁ། ཨ་ནཱན་ཏ། ཛ་ལ་ད། ན་ད་མི་ཏྲ། ཨ་མི་ཏྲ། རྡོ་ཏྲ་ཧི་ཏ། སརྦ་ཏྲ་ལ། ཨཾ་ག་མཾ་ག་ཨརྠ་ཡུ་ཏ། ས་བྲམྦྷ་ཨི་ཤ། རིགས་སྔགས་ཀྱི་ཚིག་འདི་རྣམས་ཀྱིས་སེམས་ཅན་དེ་དག་བསྲུང་བ
114b5 བྱས་སོ། ། དེས་གལ་ཏེ་གདུག་པས་ཟོས་པ་འམ། གལ་ཏེ་མི་མ་ཡིན་པས་གཙེས་པ་འམ། སྲོག་ཆགས་གི་རིགས་དུག་ཅན་གང་ཡང་རུང་བ་འགའ་ཞིག་གིས་ཟིན་པ་འམ། གལ་ཏེ་ནད་སྐེམ་པ་དང་། མཛེ་བྱུང་བ་འམ། གལ
114b6 ཏེ་རླུང་དང་མཁྲིས་པ་དང་། བད་ཀན་དང་འདུས་པའི་ནད་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་རབ་ཏུ་གཟིར་བའི་སེམས་ཅན་དེ་དག་ནད་དེ་དང་དེ་དག་ལས་རབ་ཏུ་ཐར་བར་བྱས་སོ།། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྡོ་རྗེའི
114b7 རྒྱལ་མཚན་གྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་གནས་ནས་སེམས་ཅན་དེ་རྣམས་ནད་ལས་རབ་ཏུ་ཐར་བར་བྱས་སོ། ། འཇམ་དཔལ་ཁྱོད་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་ཞེས་བྱ
114b8 བ་དེ་གཞན་ཡིན་སྙམ་དུ་སེམས་ན་དེ་དེ་ལྟར་མི་ལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དེའི་དུས་ན་ང་ཉིད་བྱང་ཆུབ་སེམས་དཔའ་རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བར་གྱུར་ཏེ། ངས་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ནས་སེམས་ཅན་དེ་སྙེད
iiif viewer powered by OpenSeadragon
114a - 115a