| | e-texts navigator
|
303b1 ཀྱི་དོན་བྱས་པའི་ཕྱིར་རོ། ། སེམས་ཅན་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་མདོ་ཙམ་ཐོས་པ་དེ་དག་ཀྱང་རྙེད་པའི་མཆོག་ལེགས་པར་རྙེད་པ་ཡིན་ན་ཤའི་མིག་གིས་མངོན་སུམ་དུ་མཐོང
303b2 ནས་དགའ་བ་ཐོབ་པ་དེ་དག་ལྟ་ཅི་སྨོས། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བདག་ཅག་ཕྱག་འཚལ་ལོ་ཞེས་སྨྲས་སོ།། དེ་ནས་ལྷའི་བུ་དེ་དག་གིས་ཚིག་དེ་སྐད་ཅེས་སྨྲས་མ་ཐག་པ་དེའི་མོད་ལ་སྐྱེ
303b3 བོའི་ཚོགས་ཆེན་པོ་དང་བཅས་ལྷ་དང་། མི་དང་། ལྷ་མ་ཡིན་དང་། བཅས་པའི་འཇིག་རྟེན་གྱིས་ཚིག་འཐུན་པར་ཚིག་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།
303b4 བྱམས་པ་ལ་ཕྱག་འཚལ་ལོ།། ཕྱག་འཚལ་ལོ་ཞེས་སྨྲས་སོ།། ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་སྲོག་ཆགས་བྲི་ཉིས་སྟོང་ཆོས་རྣམས་འཆོས་ཀྱི་མིག་རྡུལ་མེད་ཅིང་ནི་མ་དང་བྲལ་བ་རྣམ་པར་དག་གོ། དགེ་སློང་ལྔ་སྟོང་ནི་ལེན་པ་མེད་པར་ཟག
303b5 པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། ། སྲོག་ཆགས་སྟོང་ཕྲག་དུ་མ་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་གྱུར་ཏེ། དེ་དག་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པའི་འཁོར་འདུས་པ
303b6 གཉིས་པ་ལ་དགྲ་བཅོམ་པ་མངོན་སུམ་དུ་བྱེད་པར་འགྱུར་རོ། ། ཞེས་དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷར
303b7 ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས་འདི་ཇི་ལྟར་བཟུང་བར་བགྱི།། དེ་སྐད་ཅེས
303b8 གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདིའི་མིང་བྱམས་པའི་དང་པོ་སེམས་བསྐྱེད་པ་ཞེས་བྱ་བར་ཟུང་ཤིག། བྱང་ཆུབ་སེམས
iiif viewer powered by OpenSeadragon
303a - 304a