| | e-texts navigator
|
277a1 དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་པ་ནི་བརྗོད་པ་ཡང་དག་པར་ཆད་པ། བཏགས་པ་མེད་པ། གདགས་པར་བྱ་བ་མ་ཡིན་པའོ།། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་སུ་ཞིག་ཆོས་བསྟན་པ་འདི་ལྟ་བུ་འདིའི་སྣོད་དུ་འགྱུར།
277a2 འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་གང་འདུས་བྱས་ཀྱི་ཁམས་རྣམ་པར་འཁྲུགས་པར་མི་འགྱུར་ཞིང་།། ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པར་ཡང་མི་འགྱུར་བ་དེ་ནི་ཆོས་བསྟན་པ་འདི་ལྟ་བུ་འདིའི་སྣོད་དུ་འགྱུར་རོ།། གང་འདས་པའི་ཆོས་རྣམས
277a3 མི་དམིགས་ཤིང་འདས་པའི་ཆོས་རྣམས་ཀུན་ཤེས་པར་མི་འགྱུར་བ་དང་། གང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་མི་དམིགས་ཤིང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཀུན་ཤེས་པར་མི་འགྱུར་བ་དེ་ཆོས་བསྟན
277a4 པ་འདི་ལྟ་བུ་འདིའི་སྣོད་དུ་འགྱུར་རོ། ། གང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མི་མཐོང་ཞིང་དེ་ཉེ་བར་ལེན་པར་ཡང་མི་འགྱུར་བ་དེ་ཆོས་སྟོན་པ་འདི་ལྟ་བུ་འདིའི་སྣོད་དུ་འགྱུར་རོ།། གད་བདག་དང་བདག་མེད་པར་ཡང་སྤྱོད་པར་མི་འགྱུར་བ་དང་། གང་ལེན
277a5 པ་དང་། འདོར་བར་ཡང་སྤྱོད་པར་མི་འགྱུར་བ་དེ་ཆོས་བསྟན་པ་འདི་ལྟ་བུ་འདིའི་སྣོད་དུ་འགྱུར་ཏེ། དེ་ནི་བཤད་པ་འདིའི་དོན་ཀུན་ཤེས་པར་འགྱུར་རོ།། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་འདི་ལ་ཅི་ཞིག་ཀུན་ཤེས་པར་འགྱུར།། འཇམ་དཔལ་གྱིས་སྨྲས་པ། བཙུན
277a6 པ་ཤཱ་རིའི་བུ་བཤད་པ་འདིའི་དོན་ཤེས་པར་འགྱུར་བ་ཅི་ཞིག་ཡོདན་འདི་ལ་ཅི་ཞིག་ཀུན་ཤེས་པར་འགྱུར་ཞེས་དེ་སྐད་འདྲི། ། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་ཆོས་ཟབ་མོ་བསྟན་པ་འདི་མངོན་སུམ་དུ་འགྱུར་བ་ཉུང་། འདི་ནི་ཡོངས་སུ་འཛིན་པར་འགྱུར་བ་ཉུང
277a7 དོཥ་མདང་ལདགྲ་བཅོམ་པ་དང་། སློབ་པ་དང་། མི་སློབ་པ་རྣམས་ཀྱང་ཕྱོགས་འདི་ལ་སྦྲིད་ལག་པར་འགྱུར་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལྟ་ཅི་སྨོས། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དགྲ་བཅོམ་པ་རྣམས་ལ་ནི་ས་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། འདི
277a8 ལྟར་དགྲ་བཅོམ་པ་ཡང་མེད་ནས་གང་ལ་དགྲ་བཅོམ་པ་གནས་པར་འགྱུར། དགྲ་བཅོམ་པ་དག་ནི་གནས་མེད་པས་རབ་ཏུ་ཕྱེ་བའོ།། དགྲ་བཅོམ་པ་དག་ནི་དམིགས་སུ་མེད་པས་རབ་ཏུ་ཕྱེ་བའོ།། དགྲ་བཅོམ་པ་དག་ནི་བརྗོད་པ་དང་། མི་བརྗོད་པ་ཤིན་ཏུ་ཆད་པས
iiif viewer powered by OpenSeadragon
276b - 277b