| | e-texts navigator
|
254a1 གཟས་ཀྱི་རྣམ་གྲངས་འདི་བ་ཤད་པན་ལྷ་དང་མི་ཁྲག་ཁྲིག་ཕྲག་བདུན་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་བ་དཅིང་དྲིམ་དང་བྲལ་བ་རྣམ་པར་དགགོ། དགེ་སློང་བརྒྱན་ཡིནཔ་མད་པར་ཟག་པ་རྣམས་ལས་སེམས་རྣམ་པར
254a2 གྲོལ་ལོ། ། སྔོན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་དགེ་སློང་མཉིས་བརྒྱ་དང་སྲོག་ཆགས་ཉི་ཁྲིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ
254a3 སེམས་དཔའ་ཟླ་མཆོག་དང་། ཚེ་དང་ལྡན་པ་དགའ་བོ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན
254a4 ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་བུ་མོ་ཟླ་མཆོག་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོ་མིདོ།། རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནང་།
254a5 ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པའོ།། @#།། རྒྱ་གར་སྐད་དུ། ཨཱརྱཀྵེ་མཱ་བ་ཏཱི་བཱ་ཀ་ར་ཎ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བདེ་ལྡན་མ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི
254a6 མདོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་བྲང་པོའི་རི་ལ་དགེ་སློང་ཉི་ཁྲིའི་དགེ་སློང་གི་དགེ
254a7 འདུན་ཆེན་པ་དང་། བྱམས་པ་དང་། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་། ཁབས་གཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ
254a8 ཐབས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ཐབས་གཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་སོ།། དེ་ནས་བཅོམ་ལྡན་འདས་རྒྱལ
iiif viewer powered by OpenSeadragon
253b - 254b