e-texts navigator
Collection
Volume
Page
Wylie

253b1 གནས་པ་དེ་ཀུན་རབ་སྩོལ་བ། ། དེ་བཞིན་གཤེགས་པ་བདུད་ཀྱི་ཚིར་མ་དཀྲུགས།། བསྟོད་འོས་རྣམས་ཀྱིས་བསྟོད་པ་གང་ཟག་མཆོག། རང་འབྱུང་དབང་ལྡན་མེད་བྲལ་བསྟོད་པར་བརྩི།། བདག་གིས་ཕྱོགས་བཅུ་བསྐས་ན་དེ་དག་ཏུ།། སྡིག་མེད
253b2 སངས་རྒྱས་བརྒྱ་ཕྲག་བསམ་ཡས་མཐོང་། ། ཤཱཀྱ་སེང་གེ་ཇི་ལྟ་དེ་ལྟ་བུར།། ཕྱོགས་བཅུའི་སངས་རྒྱས་དེ་དག་བདག་ལུང་སྟོན།། རྒྱལ་བ་ཐམས་ཅད་ཆོས་ཉིད་སངས་རྒྱས་གཅིག། དེ་བཞིན་ཆོས་ཀྱང་དེ་བཞིན་ཉིད་ཀྱིས་གཅིག། སེམས
253b3 ཅན་རྣམས་ཀྱང་ཡང་དག་མཐར་ངེས་པས། ། གང་ལ་བཟོད་འདི་མཆིས་པ་རྒྱལ་བར་འགྱུར།། དེ་ནས་བྱང་ཆུབ་སེམས་དཔའ་ཟླ་མཆོག་གིས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས་པར་སྣང་དེ་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས
253b4 གཉིས་ལ་རབ་ཏུ་གཏུགས་སོ། ། དེས་རབ་ཏུ་གཏུགས་མ་ཐག་ཏུ་སངས་རྒྱས་འབུམ་ཕྲག་མང་པོ་དག་ཀྱང་སྣང་བར་གྱུར་ཏོ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན
253b5 ཏོ། ། དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་མངོན་སུམ་དུ་མཐོང་ཞིང་བདག་ཉིད་ལང་བསྟན་པ་ཡང་ཐོས་ནས་དགའ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར
253b6 རབ་ཏུ་བྱུང་བར་གསོལ་བ་བཏབ་པོ། ། བཅོམ་ལྡན་འདས་ཀྱིས་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེའུ་དེའི་ཕྱིར་ཕ་མ་དག་གནང་བར་བྱེད་དུ་ཆུད་ཅིག།
253b7 དེ་ནས་བྱེའུ་ཕ་མ་དག་གིས་ཆོ་འཕྲུལ་ཆེན་པོ་དེ་མཐོང་ཞིང་དེ་མངོན་སུམ་དུ་ལུང་བསྟན་པ་ཡང་ཐོས་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་ཁྱེའུ་འདི་རབ་ཏུ་འབྱུང་བར་གནང་ལགས་སོ།། བདག་ཅག་གིས་ཀྱང
253b8 ཆོས་དེ་དག་སླད་ཀྱིས་ཐོབ་པར་བགྱི་ལགས་སོ། ། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་རབ་ཏུ་བྱུང་བ་།། དེ་ནས་ཁྱེའུ་དེ་རབ་ཏུ་བྱུང་བ་དང་། སྲོག་ཆགས་ཁྲིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད




iiif viewer powered by OpenSeadragon

253a - 254a

Texts on this page

Q858 - 'phags pa bu mo zla mchog lung bstan pa zhes bya ba theg pa chen po'i mdo