| | e-texts navigator
|
106b1 བྱིན་ན་རྣམ་པར་སྨིན་པ་ལྷ་དང་མིའི་ནང་ན་རྣམ་པར་གྲོལ་བ་དར་གྱིས་བཅིངས་པ་འཐོབ་པར་འགྱུར་རོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ནས། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་འབྲུ་མར་དྲི་ཞིམ་པོ་བྲལ་ལམ་སྤྲོས་ཀྱི་ཁྲུས་ཆུ་དབུལ་བ་ཕྲུལ།
106b2 རྣམ་པར་སྨིན་པ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུཅུ་གཉིས་དང་། དེཔེ་བྱད་བཟང་པོ་བརྒྱད་བཅུ་ཡོབ་པར་འགྱུར་རོ།། ཁྲུས་ཀྱི་ཡོ་བྱད་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ཚེར་བས་ཐམས་ཅད་དུ་ན་ཉུང་བ་དང་། རིགས་ཀྱི་མཆོག་ཏུ་སྐྱེ་ཞིང་ཀུན་དུ་མཛེས་པ་འཐོབ།།
106b3 པར་འགྱུར་རོ།། སྙིང་པོ་ལྔ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ཚེར་རབས་ཐམས་ཅད་དུ་མཐུ་ཆེ་ཞིང་སྤྲོ་བ་ཆེན་པོ་མི་ཐུལ་བ་འཐོབ་པར་འགྱུར་རོ།། བྱམས་པ་ལ་གནས་ཏེ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་གནོད་སེམས་མེད་པ་འཐོབ་པར་འགྱུར་རོ།། སྙིང་རྗེ
106b4 ལ་གནས་ཏེ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་འཚེ་བ་མེད་པ་འཐོབ་པར་འགྱུར་རོ། ། དཀའ་བ་ལ་གནས་ཏེ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་མི་འཇིགས་པ་སྦྱིན་པ་འཐོབ་པར་འགྱུར་རོ།། བཏང་སྙོམས་ལ་གནས་ཏེ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་མི
106b5 དགའ་བ་སྤོང་བ་འཐོབ་པར་འགྱུར་རོ། ། རྣམ་པ་སྣ་ཚོགས་ཀྱི་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་ལོངས་སྤྱོད་སྣ་ཚོགས་འཐོབ་པར་འགྱུར་རོ།། ལན་ལ་མི་རེབ་ལ་གནས་ཏེ་སྦྱིན་པ་བྱིན་ན་རྣམ་པར་སྨིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ
106b6 འཐོབ་པར་འགྱུར་ཏེ། དགེ་སློང་དག་མཁས་པ་རྣམས་ཀྱིས་རྣམ་པ་སུམ་བཅུ་རྩ་བདུན་པོ་དག་སྦྱིན་པ་བྱིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན།།
106b7 པར་བསྟོད་དོ།། འཕགས་པ་སྦྱིན་པའི་ཕན་ཡོན་བསྟན་པ་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བ་ནཱ་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ།
106b8 ཨཱརྱ་བོ་དྷི་སཏྭ་ཙརྱ་ནི་ར་དི་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས
iiif viewer powered by OpenSeadragon
106a - 107a