e-texts navigator
Collection
Volume
Page
Wylie

104a1 དགའ་བའི་དང་དུ་ལེན་པའི་སྦྱིན་པས་ནི་འཁོར་སྟི་ཉེ་བར་འགྱུར་ཟས་བྱིན་པས་ནི་སྟོབས་དང་ལྡན་པར་འགྱུར། སྐོམ་སྦྱིན་པས་ནི་སྒོམ་པ་མེད་པར་འགྱུར་གོས་སྦྱིན་པས་ནི་ཁ་དོག་དང་ལྡན་པར་འགྱུར། མར་མེ་བྱིན་པས་ནི་མིག་དང
104a2 ལྡན་པར་འགྱུར། རོལ་མོའི་སྒྲ་བྱིན་པས་ནི་རྣ་བ་ཉམས་པ་མེད་པར་འགྱུར་བཞོན་པ་བྱིན་པས་ནི་བདེ་བ་དང་ལྡན་པར་འགྱུར། སྨན་བྱིན་པས་ནི་ནད་ཉུང་བར་འགྱུར། མེ་ཏོག་བྱིན་པས་ནི་གཞན་གྱིས་མཆོད་པར་འགྱུར། མེ་ཏོག་ཕྲེང་བྱིན་པས་ནི་གཞན
104a3 གྱིས་རིམ་གྲོ་བྱ་བར་འགྱུར། བསྟོད་པབྱིན་པས་ནི་ཚངས་པའི་དབྱངས་དང་ལྡན་པར་འགྱུར། སྟན་བྱིན་པས་ནི་བླ་མའི་གནས་ཐོབ་པར་འགྱུར། བཞོན་པ་བྱིན་པས་ནི་རྫུ་འཕྲུལ་དང་ལྡན་པར་འགྱུར་ཐུག་པ་བྱིན་པས་ནི་མ་མེད་པར་འགྱུར། ཕྱག་དང་།
104a4 བྱ་བ་བྱིན་པས་ནི་རྡུལ་དང་བྲལ་བར་འགྱུར། དྲིལ་བུ་བྱིན་པས་ནི་ཚེ་རབས་དྲན་པར་འགྱུར། གནས་བྱིན་པས་ནི་ཐམས་ཅད་བྱིན་པར་འགྱུར། ཆོས་བྱིན་པས་ནི་བདུད་རྩི་བྱིན་པར་འགྱུར་གྱིས་བདག་གིས་ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱ་གོར་མ་ཆག་སྙམ
104a5 པོ། ། དེ་སྦྱིན་པ་དེ་ལྟ་བུ་སྦྱིན་པ་ན་ཆགས་པས་སྦྱིན་པར་མི་བྱེད་སྡང་བས་སྦྱིན་པར་མི་བྱེད། རྨོངས་པས་སྦྱིན་པར་མི་བྱེད་ཚིག་པ་ཟ་ཞིང་སྦྱིན་པར་མི་བྱེད་བརྙས་བཞིན་དུ་སྦྱིན་པར་མི་བྱེད་རྡེག་ཅིང་སྦྱིན་པར་མི་བྱེད། ཚར་བཅད་དེ་སྦྱིན་པར་མི་བྱེད
104a6 ཁྱད་དུ་གསོད་ཅིང་སྦྱིན་པར་མི་བྱེད། སྨད་དེ་སྦྱིན་པར་མི་བྱེད། ང་རྒྱལ་གྱིས་ཁེངས་བཞིན་དུ་སྦྱིན་པར་མི་བྱེད། འགྱེད་བཞིན་དུ་སྦྱིན་པར་མི་བྱེད། ལྷག་མར་གྱུར་པ་སྦྱིན་པར་མི་བྱེད། དུལ་ཅིང་མྱགས་པ་སྦྱིན་པར་མི་བྱེད་ཀྱི་སྦྱིན་པ་གང་དང་གང
104a7 སྦྱིན་པ་དེ་གུས་པར་བྱས་ཏེ་སྦྱིན་པར་བྱེད། བླ་མར་བྱས། རི་མོ་བྱས་མཆོད་པ་བྱས་ཤིང་རྗེད་ནས་སྦྱིན་པར་བྱེད་མང་དུ་སྦྱིན་པར་བྱེད་བཟང་པོ་སྦྱིན་པར་བྱེད། རབ་ཏུ་དགའ་བས་སྦྱིན་པར་བྱེད་དགའ་ཞིང་མགུ་བས་སྦྱིན་པར་བྱེད། གཅད་པ་དང་རྒྱ་ཆེར
104a8 སྦྱིན་པར་བྱེད་རང་གི་ལག་ནས་སྦྱིན་པར་བྱེད། གུས་པ་དང་བཅས་པ་དང་ཞེསར་བཅས་པས་སྦྱིན་པར་བྱེད། བསམ་པ་དད་ཅིང་བཟང་ལ་དགེ་བས་སྦྱིན་པར་བྱེད། སེར་སྣ་མེད་པར་སྦྱིན་པར་བྱེད་རྐམ་པ་མེད་པར་སྦྱིན་པར་བྱེད་ཞུམ་པ་མེད་པར




iiif viewer powered by OpenSeadragon

103b - 104b

Texts on this page

Q849 - 'phags pa sbyin pa'i pha rol tu phyin pa zhes bya ba theg pa chen po'i mdo