e-texts navigator
Collection
Volume
Page
Wylie

103b1 སུ་གཏོང་བའི་སྦྱིན་པ་འདིས་ན་བདག་གིས་སེམས་ཅན་ཐམས་ཅད་སྙིང་པོ་མེད་པ་ཐམས་ཅད་ལས་སྙིང་པོ་ལེན་དུ་འཇུག་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། ། དེ་ལ་ཚིག་ཕྱི་མ་ཡང་ཡོད་དེ་ཤ་དང་ཁྲག་གི་སྦྱིན་པ་འི།། རྣམ་སྨིན
103b2 བདག་ལ་ཅི་ཡོད་དེས། ། སྙིང་པོ་མེད་པ་མ་ལུས་ལས།། འགྲོ་ཀུན་སྙིང་པོ་ཐོབ་གྱུར་ཅིག། དེ་ལ་རྐང་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེན་རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ་རྐང་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང
103b3 ཆུབ་སེམས་དཔའ་རྣམས་ཀྱི་ལུས་རྡོ་རྗེ་ལྟར་མི་ཤིགས་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཚིག་བླ་དགས་ཡིན་གྱི་བདག་གིས་རྐང་གི་སྦྱིན་པ་སྦྱིན་པར་བྱ་གོར་མ་ཆག་སྙམ་མོ། ། དེ་རྐང་གི་སྦྱིན་པ་དེ་སྦྱིན་པ་ན་དེ་བཞིན་གཤེགས་པ་བ་སྐྱེད་པའི་སྨོན་ལམ
103b4 བཞིན་དུ་རྐང་གི་སྦྱིན་པ་འདིས་ན་བདག་སེམས་ཅན་ཐམས་ཅད་ཀྱི་ལུས་རྡོ་རྗེ་ལྟར་མི་ཤིགས་པ་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། ། དེ་ལ་ཚིག་ཕྱི་མ་ཡང་ཡོད་དེ། རྐང་གི་སྦྱིན་པ་འདི་ཡིས་ན།། བདག་གིས་སེམས
103b5 ཅན་ཐམས་ཅད་ཀྱི། ། རྣག་གི་ལུས་ཀྱི་ཟ་མ་ཏོག། རྡོ་རྗེ་མིག་གིས་རྫོགས་བྱེད་ཤོག། གཞན་ཡང་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ཁ་དོག་ཕུན་སུམ་ཚོགས་པ་བྱིན་པས་ནི།། ཁ་དོག་ལྡན་པར་འགྱུར་གྱིས་བདག་གིས་ཁ་དོག་ཕུན་སུམ
103b6 ཏ་ཤོགས་པ་སྦྱིན་པར་བྱ་གོར་མ་ཆག་སྙམ་དུ་སེམས་ཤིང་དྲི་ཕུན་སུམ་ཚོགས་པ་བྱིན་པས་ནི་གྲགས་པའི་དྲི་དང་ལྡན་པར་འགྱུར་རོ་བྲོབ་ཕུན་སུམ་ཚོགས་པ་བྱིན་པས་ནི་ཡོ་བྱད་གྱ་ནོམ་པ་རྣམས་འཐོབ་པར་འགྱུར་རེག་པ་ཕུན་སུམ་ཚོགས་པ་བྱིན་པ་ན་རྐང
103b7 གའངས་ནིང་གནོན་ག་ཆགས་པར་འཀྲུར་ང་དགིལགནས་བྱིན་པས་ནི་བསྙེན་བཀུར་བྱེད་པ་པར་འབྲུར་གུས་པར་བྱས་ཏེ་བྱིན་པས་ནི་གཉེན་ལ་སོགས་པའི་ནང་གཞན་གྱིས་བཀང་གི་བྱ་བར་འགྱུར། ས་སུ་བྱིན་པས་ནི་ད་ནད་རྣམས
103b8 སུ་འགྲུབ་ཅིང་རྒྱས་པར་འགྱུར་འཐུན་པ་དང་ཡིད་དུ་འོང་བ་བྱིན་པས་ནི་མལ་དང་གོས་ལ་སོགས་པ་ལོངས་སྤྱོད་ཡིད་དུ་འོང་བ་རྣམས་ལ་སེམས་འཇུག་པར་འགྱུར། གཞན་ལ་མི་གནོད་པར་བྱིན་པས་ནི་ལོངས་སྤྱོད་བརྟན་པ་དག་འཐོབ་པར་འགྱུར་མི




iiif viewer powered by OpenSeadragon

103a - 104a

Texts on this page

Q849 - 'phags pa sbyin pa'i pha rol tu phyin pa zhes bya ba theg pa chen po'i mdo