| | e-texts navigator
|
102b1 ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན་བདག་སེམས་ཅན་ཐམས་ཅད་དབང་པོ་ཐམས་ཅད་དང་ལྡན་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། རྣ་བ་དང་ནི་སྣ་བཏང་བས།། སྲོག་ཆགས་རྣམས་ནི་ཐམས་ཅད་ཀྱང་།། དབང་པོ
102b2 ཀུན་དང་ལྡན་གྱུར་ཏེ། ། ཡན་ལག་ཐམས་ཅད་རྫོགས་པར་ཤོག། རྣ་བ་དང་ནི་སྣ་བཏང་བས།། གང་དང་གང་དུ་སྐྱེས་པ་དེར།། བསྟན་སྡུག་ཅིང་གཟུགས་མེ་ཨེ། མི་ནི་དེ་བཞིན་མཛེས་པར་འགྱུར།། དེ་ལ་མིག་གི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར
102b3 བྱེད་ཅེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། མིག་སྦྱིན་པ་ཞེས་བྱ་བ་དེ་ནི།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་མིག་སྒྲུབ་པ་མེད་པ་ཡོངས་སུ་དག་པའི་ཚིག་བླ་དགས་ཡིན་གྱིས། བདག་གིས་མིག་གི་སྦྱིན་པ
102b4 སྦྱིན་པར་བྱ་གོར་མ་ཆག་སྙམ་མོ། ། དེ་མིག་གི་སྦྱིན་པ་དེ་སྦྱིན་པ་ན་དེ་བཞིན་གཤེགས་པས་ཡང་དག་པར་མཛད་པའི་སྨོན་ལམ་བཞིན་དུ། མིག་གི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་མིག་སྒྲིབ་པ་མེད་པ་ཡོངས་སུ་དག་པ
102b5 བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། ། དེ་ལ་ཚིག་ཕྱི་མ་ཡང་ཡོདདེ། ལེག་གི་སྦྱིན་པ་འདིས་ན་བདག། བླ་མེད་བྱང་ཆུབ་སངས་རྒྱས་ནས།། སེམས་ཅན་ཀུན་གྱི་ཆོས་ཀྱི་མིག། རྣམ་པར་དག་པར་བྱེད་གྱུར་ཅིག། མིག་བྱིན་བརྟུལ་ཞུགས
102b6 བཟང་པོ་དས། ། དྲི་མ་མེད་ཅིང་སྟོན་མེད་ལ།། དག་ཅིང་ཡངས་ལ་མཛེས་བཟང་དང་།། ཞི་བའི་མིག་ནི་ཐོབ་པར་འགྱུར།། ཨུ་དཔལ་སྔོན་པོའི་འདབ་འདྲ་དང་།། བྱི་ཀུན་ལའི་མིག་འདྲ་ཞིང་།། མིག་གི་རྫི་མ་པ་ཡི་འདྲ།། འདྲའི་མིག་ནི་དེ་ཡིས་འཐོག།
102b7 དེ་ལ་མགོ་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། མགོ་བོ་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁམས
102b8 གསུམ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་མཆོག་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པའི་ཚིག་བདག་ས་ཡིན་གྱིས། བདག་གིས་མགོ་ཡོངས་སུ་གཏོང་བའི་སྦྱིན་བ་སྦྱིན་པར་བྱ་གོར་མ་ཆག་སྙམ་མོ།། དེ་མགོ་ཡོངས་སུ་གཏོང་བའི
iiif viewer powered by OpenSeadragon
102a - 103a