e-texts navigator
Collection
Volume
Page
Wylie

102a1 ཤོག། རྐང་པ་སྦྱིན་པ་འདིས་ན་བདག། བྱང་ཆུབ་སྙིང་པོའི་གདན་མཆོག་ལ།། འདུག་ནས་བདུད་རྣམས་སྡེ་དང་དཔུང་།། གཞོན་དང་བཅས་པར་འདུལ་བར་ཤོག། དེ་ལ་ལག་མཐིལ་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན།
102a2 རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ལག་མཐིལ་སྦྱིན་པ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་ལག་བསྦྱིན་པའི་ཚིག་བླ་དགས་ཡིན་གྱིས། བདག་གིས་ལག
102a3 མཐིལ་སྦྱིན་པ་སྦྱིན་པར་བྱ་གོར་མ་ཆག་སྙམ་མོ། ། དེ་ལ་ལག་མཐིལ་གྱི་སྦྱིན་པ་དེ་སྦྱིན་པ་ན། དེ་བཞིན་གཤེགས་པས་རྣམ་པར་མཁྱེན་པའི་སྨོན་ལམ་བཞིན་དུ་ལག་མཐིལ་སྦྱིན་པ་འདིས་ན་བདག་སེམས་ཅན་དམན་པ་དང་། ལོང་བ་དང་བཀྲེན་པ་དང་།།
102a4 མགོན་མེད་པ་དང་། སྡུག་བསྔལ་བ་དང་། དབུལ་པོ་དང་། གནས་མེད་པ་དང་། སྐྱབས་མེད་པ་དང་། དཔུང་གཉེན་མེད་པ་རྣམས་དང་། སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་ངན་སོང་ངན་འགྲོ་ལོག་པར་ལྟུང་བ
102a5 དང་། མི་ཁོམ་པར་སྐྱེས་པ་རྣམས་ལ་ཆོས་ཀྱི་ལག་པ་སྦྱིན་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།། དེ་ལ་ཚིག་ཕྱི་མ་ཡང་ཡོད་དེ། ལག་མཐིལ་སྦྱིན་པར་མྱུར་དུ་བདག། རྣམ་འདྲེན་ལག་ན་རིན་ཆེན་དང་།། ལག་པ་རིང་ཞིང་གསེར་ལྡོག
102a6 ན་རྗོ་གནས་། ། ན་པང་དྲུ་སྟེ།། ཆོས་ཀྱི་གཔ་པད་ས་པ།། ས་ཀུན་མ་སུས་ན་རྣམས། ད་གིས་ན་ཀྱི་སྦྱིན་པ།། ལན་པད་མངས་སུ་ངས་ན་པའི་དྲིས
102a7 ན་སེན། གས་ཀྱིབ་དེ་ཀྱང་ས་སེམས་ད་འདིའི་སམ་སེམས་ཏེ། བ་དང་། ཡོངས་ག་པའི་བྱིན་ཤེས་པ་བདོན་ང་ཆུབ་སེམས་ད་རྣམས་ཀྱི་སོ་ཚང་ཡོས་སུ་རྫོགས་པར་འགྱུང་བའི་ག
102a8 དགས་ཡིན་གྱིས། ། བདག་གིས་ན་པ་དང་སྔ་ཡོངས་སུ་གཏོང་བའི་སྦྱིན་པ་སྦྱིན་པར་བྱ་གོང་མ་ཆག་སྙམ་མོ།། དེ་ན་པ་དང་སྣ་ཡོངས་སུ་གཏོང་བའི་སྦྱིན་པ་དེ་སྦྱིན་པ་ན། དེ་བཞིན་གཤེགས་པས་རྣམ་པར་གཞག་པའི་སྨོན་ལམ་བཞིན་དུ་རྣ་བ་དང་རྣ




iiif viewer powered by OpenSeadragon

101b - 102b

Texts on this page

Q849 - 'phags pa sbyin pa'i pha rol tu phyin pa zhes bya ba theg pa chen po'i mdo