e-texts navigator
Collection
Volume
Page
Wylie

4b1 ས་གེ་འདྲབ། ཤིད་ཙགྲོ་དྷ་ལྟ་ཆུ་ཞེ་གབ་པ་དང་། སུ་ལུང་ངར་ནས་སྨྲས་པ་དང་། ཕ་མཚན་མ་སྣང་བར་ནུབ་པ་དང་། བརླག་ཤིང་ཟླུམ་པ་དང་། བྱིན་པ་དགས་ཀྱི་རྒྱལ་བ་མིན་ལ་འདྲ་བ་དང་། ཞབས་ཀྱི་ཉིད་པཆེ་བ་དང་།
4b2 ཞབས་དང་ཕྱག་གིས་ཟིལ་འཇས་ཞིང་མཉེན་པ་དང་། ཞབས་དང་བྱུག་གིསར་མོ་བར་དྲ་བར་འཁྲུལ་བ་དང་། ཞབས་དང་ཕྱག་གི་སར་མ་རིང་བ་དང་། ཞབས་ཀྱི་སྣང་མཐོ་བ་དང་། རོ་བྲོ་བའི་མཆོག་དང་། དབ་མགོ་ཅུས་པ
4b3 དང་། བདུན་མཐོ་བ་དང་། ལྤགས་པ་སྲབ་ལ་གསེར་གྱི་ཁ་དོག་འདྲ་བ་དང་། མ་བཏུད་པ་ཕྱག་བུས་མོའི་ལྷ་ང་ལ་རེག་པ་དང་། ཞབས་རབ་ཏུ་གནས་པ་དང་། ཞབས་དང་ཕྱག་གི་མཐིལ་ན་འཁོར་ལོ་མཚན་ཡོད་པ་དང
4b4 ཚངས་པའི་དབྱངས་དང་། འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུལ་འབྱུང་ངོ་།། འཇམ་དཔལ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་སུ་གཏོགས་པའི་བསོད
4b5 ནམས་ཀྱི་ཕུང་པོར་གསུང་འི་བསོད་ནམས་ཀྱི་ཕུང་པོ་དགྲངས་མེད་པར་བསྒྱུར་བ་དང་། བསམ་གྱིས་མི་ཁྱབ་པར་བསྒྱུར་བ་དང་། དཔག་ཏུ་མེད་པར་བསྒྱུར་བ་དང་། བརྗོད་དུ་མེད་པར་བསྒྱུར་བས་དེ་བཞིན་གཤེགས་པའི
4b6 ཆོས་ཀྱི་དུང་དུ་འགྱུར་རོ། ། ཆོས་ཀྱི་དུང་དེས་འདུལ་བའི་དབང་དུ་དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པར་དབྱངས་ཀྱི་རིག་པར་བྱེད་དོ།། དབྱངས་ཀྱིས་ཇི་ལྟ་བ་དེ་བཞིན་དུ་འོད་དང་སྐུས་ཀྱང
4b7 དེ་བཞིན་ནོ། ། འཇམ་དཔལ་དེ་ལྟར་ཤེས་རབ་ཆེན་པོ་ལས་བྱུང་བ་སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པ། ཐབས་མཁས་པ་དང་སྨོན་ལམ་གྱིས་བསྐྱེད་པ། ཚུལ་ཁྲིམས་ཡོངས་སུ་དག་པ་བསྒོམས་པའི་ཁྱད་པར
4b8 ལས་ཡང་དག་པར་སྐྱེས་པ། བསོད་ནམས་ཆེན་པོ་འདི་དག་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་བསམ་གྱིས་མི་ཁྱབ་པོ།། འཇམ་དཔལ་རྒྱུ་གཉིས་ཀྱིས་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཁྱད




iiif viewer powered by OpenSeadragon

4a - 5a

Texts on this page

Q839 - 'phags pa 'jam dpal gyis dris pa zhes bya ba theg pa chen po'i mdo