| | e-texts navigator
|
4a1 ཤཱ་ཤང་ཏེ་དང་། རྒྱཤ་དང་། དྲ་བ་དང་། ཙ་དང་། དང་པ་དང་། ཐི་བ་དང་། ནས་དང་། སྨན་ཆེན་པ་དང་། འོདས་དང་། བམན་དང་། ཀླུ་ང་། དང་། ཁྲུམ་ཆོག་དང་། རི་དང་། ཟིལ་བ་དང་། ཤི་དང་དགས
4a2 བོ་དང་། ནོར་བུ་རིན་པོ་ཆེ་དང་། རལ་གྲི་མཆོག་དང་། རྡོ་རྗེ་དང་། གཞུ་དང་། མདའ་དང་། ཤག་ཏི་དང་། མདུང་རྩ་གསུམ་པ་དང་། གཤོལ་དང་། གདུན་དང་། སྟ་རརེ་དང་། ཞགས་པ་དང་། གྲུ་དང་། མུ་ཏིག་གི་རྒྱན་དང་། སྤྲིན་དང་།
4a3 ཚངས་པ་དང་། དབང་པོ་དང་། འཁོར་བ་སྲུང་པོ་དང་། ཆུའི་ལྷ་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ནོར་སྦྱིན་དང་། དྲང་སྲང་ཆེན་པོ་དང་། དཔལ་དང་། ཉི་མ་དང་། ཟླ་བ་དང་། མེ་དང་། རླུང་དང་། པད་མོ་དང་། གསུང
4a4 དང་། གྲུ་གསུམ་དང་། དགེ་བའི་བསྟན་དང་། མེ་ལོང་དང་། རྔ་ཡ་བ་དང་། རྩ་དྲར་བ་དང་། བུ་རོ་ད་ཤ་དང་། ཁྱེའུ་དང་། བུ་མོ་དང་། རྔ་དང་། དུང་དང་། མྲི། དང་། ག་དང་། གདུ་བུ་དང་། དཔུང་རྒན་དང་། རྣ་ཆ་དང་། སོར་གདུབ་དང་། རྣ་ཆ་བྱད་བྲལ
4a5 ཅན་དང་། མེ་ཏོག་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་། འཁོར་ལོ་དང་། དཔུང་གི་སེང་གེ་དང་། འདི་རྣམས་ནི་རི་མོའི་རྗེས་ཀྱི་མཚན་བརྒྱད་ཅུ་ཡིན་ཏེ། འདི་དག་ནི་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་ལ་བྱུང་ངོ་།།
4a6 འཇམ་དཔལ་གང་མཚན་བརྒྱད་ཅའི་རི་མོར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས་དེ་བཞིན་གཤེགས་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན
4a7 གཅིག་ཏུ་འགྱུར་ཏེ། དེ་བཞིན་དུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ར་རེར་འགྱུར་རོ།། འདི་ལྟ་སྟེ། དབུའི་གཙུག་ཏོར་དང་། དབུའི་མཐོན་མ་ཆེལ་གཡས་ཕྱོགས་སུ་འཁྱིལ་པ་དང་། དཔྲལ་བ་མཉམ་པ་དང་། བ་དོག
4a8 གིས་བརྒྱན་པ་དང་། སྨིན་མཚམས་ཀྱི་མཛོད་སྤུ་དང་། སྤྱན་མཐོན་མིངས་པའི་རྫིམ་འདྲ་བ་དང་། སོ་བཞི་བཅུ་ཐགས་བཟང་བ་དང་། མཆེ་བ་དཀར་བ་དང་། འགྲམ་པ་སང་གེའི་འདྲ་བ་དང་། ལྕེ་ཆེ་ཞིང་སྲབ་པ་དང་། རོ་སྟོང
iiif viewer powered by OpenSeadragon
3b - 4b