| | e-texts navigator
|
3b1 བྱང་ཆུབ་སེམས་དཔའ་སྲིད་པའི་ཐ་མར་གྱུར་པ་གཅིག་ཏུ་འགྱུར་རོ། ། འཇམ་དཔལ་ནམ་མཁའི་ཁམས་ཀྱི་མཐའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་།
3b2 དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་དང་། གཟུགས་ཡོད་པ་དང་། གཟུགས་མེད་པ་དང་། འདུ་ཤེས་ཡོད་པ་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སེམས་ཅན་ཇི་སྙེད་པ་དེ་དག
3b3 ཐམས་ཅད་བྱང་ཆུབ་སེམས་དཔའ་སྲིད་པའི་ཐ་མར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག
3b4 ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས་དེ་བཞིན་གཤེགས་པའི་སྐུ་ལ་སྤུའི་ཁུང་བུ་གཅིག་ཏུ་འགྱུར་རོ། ། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ལ་སྤུའི་ཁུང་བུ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་རེ་རེ་ནས་འགྲུབ་པར་འགྱུར་ཏེ།
3b5 འཇམ་དཔལ་གང་སྤུའི་ཁུང་བུ་ཐམས་ཅད་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས་དེ་བཞིན་གཤེགས་པའི་སྐུ་ལ་དཔེ་བྱད་བཟང་པོ་གཅིག
3b6 དུ་འགྱུར་རོ། ། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུལ་དཔེ་བྱད་བཟང་པོས་བརྒྱད་ནུ་ར་རེ་ནས་འགྲུབ་པར་འགྱུར་ཏེ། འཇམ་དཔལ་དཔེ་བྱད་བཟང་པོར་བརྒྱད་ཅུར་གཏོགས་པའི་གང་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པའི
3b7 བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས་དེ་བཞིན་གཤེགས་པའི་ཕྱག་གམ་ཞབས་གཅིག་རི་མོའི་རྗེས་ཀྱི་མཚན་དུ་འགྱུར་རོ། ། དེ་ལྟར་རི་མོའི་རྗེས་ཀྱི་མཚན་བརྒྱད་ཅུལ་འདི་ལྟ་སྟེ།
3b8 གདུགས་དང་། རྒྱལ་མཚན་དང་། དཔལ་བའུ་དང་། ཕྲེང་བ་དང་། ཀྱོབ་ཟད་དང་། ཅོད་པན་དང་། དབྱིག་ཏོ་དང་། བུམ་པ་དང་། གླང་པོ་དང་། ཏ་དང་། སྟག་དང་། ཆུ་སྲིན་དང་། 1་དང་། དྲསྦལ་དང་། མ་བྱ་དང་། ཀལ་བིང་ག་དང་།
iiif viewer powered by OpenSeadragon
3a - 4a