e-texts navigator
Collection
Volume
Page
Wylie

2a1 མཐུས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས
2a2 ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བསོད་ནམས་ཆེན་པོ་གང་གིས་འདུལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བསམ་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་བཞིན་གཤེགས་པའི་ཆོས་ཀྱི་དྲུང་དུ་འགྱུར་བའི
2a3 བསོད་ནམས་ཆེན་པོ་དེ་ཇི་སྙེད་ཚད་ཇི་ཙམ་ལགས། ། དེསྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ
2a4 བསོད་ནམས་ཆེན་པོ་གང་གིས་འདུལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་དྲུང་དུ་འགྱུར་བའི་བསོད་ནམས་ཆེན་པོ་དེ་ནི་ཤེས་རབ་ལས་བྱུང་བ། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པ་ཡིན་ཏེ་བསམ་གྱིས་མི་ཁྱབ་པོ།
2a5 ། འཇམ་དཔལ་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ལ། གང་སེམས
2a6 ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱར་བསྒྱུར་བས་གླིང་བཞི་ལ་དབང་པོ་རིན་པོ་ཆེ་བདུན་དང་ལྡན་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་ཏེ། དེའི་རིན
2a7 པོ་ཆེ་བདུན་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་འདི་བདུན་འབྱུང་ངོ་།།
2a8 དེ་ལ་བུ་སྟོང་པོ་པ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་རྣམས་ཡོད་དེ། འཇམ་དཔལ་དེ་ལྟར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་རྫུ་འཕྲུལ་ཆེ་ཞིང




iiif viewer powered by OpenSeadragon

1b - 2b

Texts on this page

Q839 - 'phags pa 'jam dpal gyis dris pa zhes bya ba theg pa chen po'i mdo