| | e-texts navigator
|
3b1 དཔའ་ཆེན་པོ་དག་ཆོས་དུ་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ
3b2 ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཚངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་གཅིག་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང
3b3 རྒྱའོ། ། ཆོས་གཅིག་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་རྗེས་སུ་སོང་བའི་དྲན་པའོ།། ཚངས་པ་བྱང་ཆུབ་སེམས་དཔའ་ལུས་ཀྱི་རྗེས་སུ་སོང་བའི་དྲན་པ་ཇི་ལྟ་བུ་ཡིན་ཞེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་འགྲོའོ་སྙམ
3b4 པའི་དྲན་པ་དང་ལྡན་པ་ཡིན་ཞིང་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ། ལྡོག་གོ་སྙམ་དུ་དྲན་པ་དང་ལྡན་པ་ཡིན་ཞིང་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ལ་ལོ་སྙམ་པ་དང་། ལྡང་ངོ་སྙམ་པ་དང་།
3b5 འཆག་གོ་སྙམ་པ་དང་། འདུག་གོ་སྙམ་དུ་དྲན་པ་དང་ལྡན་པ་ཡིན་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། དེ་གཅིག་པུ་དབེན་པར་འདུག་སྟེ། ནང་དུ་ཡང་དག་བཞག་ནས་འཁྲུག་པ་མེད་པའི་ཡིད་ཀྱིས་ལུས་འདི
3b6 ཉིད་ལ་འདི་ལྟ་སྟེ། ཀྱེ་མ་ལུས་འདི་ནི་མི་བརྟན་པ། མི་རྟག་པ། རང་བཞིན་གྱིས་ཉམ་ཆུང་པ། སྙིང་པོ་མེད་པ། ཐེར་ཟུག་མ་ཡིན་པ། རྣམ་པར་འཐོར་བའི་ཆོས་ཅན། རྣམ་པར་འཇིག་པའི་ཆོས་ཅན། རྟེན་ཅིང་འབྲེལ་བར་འབྱུར
3b7 བསྣུམ་དང་འདྲ་ག་ཟིལ་བའི་ཐིགས་པ་དང་འདྲ་བ། གཡོ་བ་མི་གནས་པ། མི་གཙང་བ། རྣག་གི་དྲིམ་ཅན། རླུང་དང་ཉིམས་མཐར་ཐུག་པ། མཐར་འདུལ་བ། མཐར་རྡུལ་དུ་འགྱུར་བ། དན་སྐྱུགས་ཀྱི་མཐར་ཐུག་པ
3b8 ནད་མང་བ། གནོད་པ་ཅན། འགེ་བའི་ནད་མང་གནབ་འཇིག་པའི་ངད་ཅན། རུས་པ་བསོགས་པ། དྲི་ད་བ། འཛག་པ་ཅན་བསྒོམས་ཏེ་རིམ་གྲོ་བྱ་དགོས་པ་ཡིན་པར་ཡང་དག་པའི་དྲན་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ
iiif viewer powered by OpenSeadragon
3a - 4a