| | e-texts navigator
|
2b1 ཚངས་པའི་འཇིག་རྟེན་ནས་མ་སྣང་བར་གྱུར་ནས་ཐམས་ཅད་དང་ལྡན་པ་ཚལ་ཅན་པའདཀྱིས་སྣང་བར་བྱསཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ད་ཅང་ཡང་མ་རང་བ་ཞིག་ཏུ་འདུག་སྷོ།། དེ་ནས་མི་མཇེད་ཀྱི་བདག
2b2 པོ་ཚངས་པས་འདི་སྙམ་དུ་བསམས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེན་པར་དཀའ་བ། རྣམ་པར་ཤེས་པ་དཀའ་བ་ཡིན་ནོ།། བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་བདག
2b3 གིས་ལུང་བ་བསལ་བའི་སྒྲ་འམ། སྭ་བ་ཙམ་གྱིས་བཞེངས་པར་གསོལ་བ་ནི་བདག་གི་ཆ་མ་ཡིན་གྱིས། བདག་གིས་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་བཞེངས་པར་གསོལ་གོ་མ་ཆག་སྙམ་སྟེ།
2b4 དེ་ནས་མི་མཛད་ཀྱི་བདག་པོ་ཚངས་པས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་འདུག་བཞིན་དུ་བཅོམ་ལྡན་འདས་ག་པ་བ་དེ་ལེགས་སུ་ཐལ་མོ་སྦྱར་བ་བཏུད་དེ་མགོ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད
2b5 པ་དག་གིས་བཞེངས་པར་གསོལ་ཏོ། ། མ་གོས་དྲི་མ་མ་མཆིས་རྣམ་པར་དག། ལྷ་དང་མི་མཆོག་རྣམས་དེང་དྲི་ཟ་དང་།། ཀླུ་དང་ལྷ་མིན་རྣམས་ཀྱིས་ལེགས་མཆོད་པ།། སེམས་ཅན་སྨན་སླད་མགོན་པོ་ཁྱོད་ལ་མཆོད།།
2b6 དཔེར་ན་རི་ནི་རབ་ཏུ་མི་གཡོས་དང་།། ཇི་ལྟར་རྒྱ་མཚོ་གཏིང་ནི་མི་དཔོགས་ལྟར།། བདུད་རྣམས་ཐམས་ཅད་ཀྱིས་ཀྱང་མི་གཡས་ལ།། ཐུབ་པ་སྐྱེས་བུ་མཆོག་ནི་བསམ་གཏན་མཛད།། ཟང་ཟིང་མི་མངའ་མཚན་མ་མི་མངའ
2b7 ཤིང་། ། དང་མི་མངའ་རྟེན་པ་མི་མངའལ།། གནས་མི་མངའ་ཞིང་སྣང་བ་མ་མངའ་བ།། ཐུབ་པ་སྐྱེས་བླདས་པ་བསམ་གཏན་མཛད།། རྟོག་གི་རྒྱས་ཀྱི་ཡུལ་ནི་མ་ལགས་ཤིང་།། བྱིས་པ་རྣམས་ཀྱི་སྤྱོད་ཡུལས
2b8 གས་པ། ། སེམས་དང་སེམས་ལས་བྱུང་ལས་རབ་འདས་པ།། བསམ་གཏན་པ་རལ་གཤེགས་པ་བསམ་གཏན་མཛད།། མགན་པ་སེང་གེ་བཞིན་དུ་གསུང་ཡང་སྒྲོག། ཐུབ་པ་འཇུག་བཞིན་སྐྲག་པ་རབ་ཏུ་མཛད
iiif viewer powered by OpenSeadragon
2a - 3a