e-texts navigator
Collection
Volume
Page
Wylie

2a1 སྙོམས་པར་ཞུགས་སོ། ། བཅོམ་ལྡན་འདས་དེ་ལས་བཞེངས་ནས་རྟོག་པ་མེད་པ། དཔྱོད་པ་མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ
2a2 སྙོམས་པར་བཞུགས་སོ། ། བཅོམ་ལྡན་འདས་དེ་ལས་བཞེངས་ནས་དགའ་བའི་འདོད་ཆགས་དང་བྲལ་བ། བཏང་སྙེམས་པ། དྲན་པ་དང་ལྡན་པ། བདེ་བར་གནས་པ་བསམ་གཏན་གསུམ་པ་ལ་སྙོམས་པར
2a3 ཞུགས་སོ། ། བཅོམ་ལྡན་འདས་དེ་ལས་བཞེངས་ནས་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་ཕྱིར་སྡུག་བསྔལ་ཡང་མེད་བདེ་བ་ཡང
2a4 མེད་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་སོ། ། དེ་ནས་བཅོམ་ལྡན་འདས་བསམ་གཏན་བཞི་པ་ལས་བཞེངས་ནས་བསམ་གཏན་གསུམ་པ་ལ་ཞུགས
2a5 སོ། ། བསམ་གཏན་གསུམ་པ་ལས་བཞེངས་ནས་བསམ་གཏན་གཉིས་པ་ལ་ཞུགས་སོ།། བསམ་གཏན་གཉིས་པ་ལས་བཞེངས་ནས་བསམ་གཏན་དང་པོ་ལ་ཞུགས་སོ།། བསམ་གཏན་དང་པོ་ལས་བཞེས
2a6 ནས་གདུལ་བྱ་ཇི་ལྟ་བ་བཞིན་དུ་སེམས་ཅན་ལ་གཟུགས་ཀྱི་ལུས་ཀུན་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། བཅོམ་ལྡན་འདས་གདུལ་བྱ་ཇི་ལྟ་བ་བཞིན་དུ་སེམས་ཅན
2a7 གཟུགས་ཀྱི་ལུས་ཀུན་ཏུ་སྟོན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་ལ་བཅོམ་ལྡན་འདས་ཤིན་ཏུ་ལྷ་མ་མེ། ལྷན་ནེ། ལྷང་དེར་བཞུགས་ཏེ། མི་མཇེད་ཀྱི་བདག་པོ་ཚངས
2a8 པས་ཚངས་པའི་གནས་ན་འདག་བཞིན་དུ་བཅོམ་ལྡན་འདས་ཤིན་དུ་ལྷམ་མ། ལྷན་ནེ། ལྷང་ངེ་བ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ་མཐོང་ངོ་།། མཐོང་ནས་ཀྱང




iiif viewer powered by OpenSeadragon

1b - 2b

Texts on this page

Q825 - 'phags pa tshangs pas zhus pa zhes bya ba theg pa chen po'i mdo