| | e-texts navigator
|
24b1 ལ་ཕྱོགས་འགའ་ཤིག་ཞུའོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དྲ་བ་ཅན་གྱི་འོད་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ
24b2 ལ་དྲིས་ཤིག་དང་། དྲིས་པ་དེ་དང་དེ་ཉིད་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས
24b3 གསོལ་ཏོ། ། བཅོམ་ལྡན་འདས་ཀྱི་སྐུ་ནི་བལྟ་བས་ཆོག་མི་ཤེས་པ་ཁ་དོག་ཉི་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་པས་ལྷག་པ་ལགས་ཏེ། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པའི་སྐུ་བལྟ་བ་འམ་བརྟག་པར་ནུས་པ
24b4 འདི་ནི་ངོ་མཚར་ཏོ་སྙམ་བགྱིད་དོ། ། བཅོམ་ལྡན་འདས་ཡང་བདག་ནི་དེ་བཞིན་གཤེགས་པའི་སྐུ་བལྟ་བ་འམ་རྟོགས་པ་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་མཐུའོ་སྙམ་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
24b5 དྲ་བ་ཅན་གྱི་འོད་ཇི་སྐད་ཟེར་བ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་སྐབས་མ་ཕྱེ་བར་དེ་བཞིན་གཤེགས་པའི་སྐུ་བལྟ་བ་འམ་བརྟག་པར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་པ་ལ་རབ་ཏུ་ཞི་བའི
24b6 རྣམ་པར་བཀོད་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ། འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་སྒྲིལ་ཡང་ལྟ་ཞིང་རྟོག་ལ་དེ་དག་གི་མིག་གི་དབང་པོ་ཡང་ཉམས་པར་མི་འགྱུར་རོ།། དྲ་བ་ཅན་གྱི་འོད་དེ་བཞིན
24b7 གཤེགས་པ་ལ་མི་འཇིགས་པ་སྤོབས་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ། འོད་ཟེང་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ་ཀུན་འདྲེ་ཞིང་བྱེར་འདྲེ་བར་བྱེད་དོ།། དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་པ་ལ་དམ
24b8 བའི་རྩ་བ་བསྩགས་པ་ཞེས་བྱ་འིའི་འོད་ཟེར་ཡོད་དེ། འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱལ་སྲིད་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ཀུན་འདྲའོ།། དེ་བཞིན་དུ་སྦྱར་ཏེ།
iiif viewer powered by OpenSeadragon
24a - 25a