e-texts navigator
Collection
Volume
Page
Wylie

22a1 པར་དག་པར་འགྱུར་རོ། ། དེ་ནས་དེ་བཞིན་གཤེགས་པ་ཡང་མཐོང་། ཆོས་ཀྱང་ཤེས་པར་འགྱུར་ལ་བྱང་ཆུབ་ཏུ་ལུང་བསྟན་པ་ཡང་ཐོབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཚངས་པས་བྱིན
22a2 གྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དགེ་སློང་དེ་དག་བསལ་དུ་སེལ་བར་བགྱིའོ།། དགེ་སློང་སྡིག་ཅན་དེ་ལྟ་བུ་དག་ཆབ་འོག་ཐམས་ཅད་དུ་གྲག་པར་ཡང་མེ་སྐྱེ་ན། མཐོང་བ་ལྟ་སྨོས་ཀྱང་ཅི་འཚལ།། དེ་ནས་རྒྱལ
22a3 པོ་ཚངས་པས་བྱིན་གྱིས་ཞོ་ཤས་འཚོ་བ་དག་བཏང་སྟེ། དགེ་སློང་དེ་དག་བསྩལ་དུ་བཅུག་ནས་ཆབ་འོག་ཐམས་ཅད་དུ་དེ་དག་མི་འདུག་པར་བྱས་སོ།། བཅོམ་ལྡན་འདས་འདི་ནི་དེ་དག་གི་ཚེ་འདིའི་རྣམ་པར་སྨིན་པ་ལགས་སོ།།
22a4 དེ་དག་ནི་ཚེ་ཕྱི་མ་ལ་ཡང་བདག་ཉིད་ཀྱིས་བདག་ཉིད་བརྡེགས་པ་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཚངས་པས་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན་པོ་བཞི་པོ་འདི་དག
22a5 ནི་བསྟན་པ་འདི་ལ་རབ་ཏུ་བྱུང་བའི་གཡང་ས་ཡིན་ཏེ། བཞི་གང་ཞེ་ན། སངས་རྒྱས་ལ་མ་གུས་པ་དང་། དམ་པའི་ཆོས་སྤོང་བ་དང་། ཆོས་སྨྲ་བ་ལ་སྡང་བ་དང་། མངོན་པར་བརྩོན་པ་མེད་པར་དད་བས་བྱིན་པ་ལེན་པ་སྟེ། རྒྱལ་པོ
22a6 ཆེན་པོ་བཞི་པོ་དེ་དག་ནི་བསྟན་པ་འདི་ལ་རབ་ཏུ་བྱུང་བའི་གཡང་ས་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། སངས་རྒྱས་སོ་མ་ཉི་ཟ་བ་གཡང་སའི་མཆོག། འཇིག་རྟེན་ཀུན་གྱིས
22a7 སྐྱབས་བྱེད་མི་ནུས་ཏེ། ། བློ་ཆུང་དེ་ནི་བསྟན་ལས་ཉམས་གྱུར་པས།། མགོན་མེད་དེ་ནི་ངན་འགྲོར་འགྲོ་བར་འགྱུར།། དེས་ནི་ཆོས་ཀྱང་སྤངས་པས་ངན་སོང་འགྲོ།། ལོ་ནི་སྟོང་ལས་མི་ཉུང་བར་དུ་ཡང་།། དམུས་ལོང་དབང་པོ་དམན
22a8 ཞིང་སེམས་ཀྱང་ཉམས། ། སྡུག་བསྔལ་ཆེན་པོ་འདི་ནི་གཡང་ས་གཉིས།། སངས་རྒྱས་ཆོས་འཛིན་མི་འཇིགས་གང་ཡིན་པ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྤོང་བྱེད་པ།། དེ་དག་སྐུར་འདེབས་གཡང་ས་ཆེན་པོ་གསུམ།།




iiif viewer powered by OpenSeadragon

21b - 22b

Texts on this page

Q826 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo