| | e-texts navigator
|
21a1 འཚོ་བ་རྣམས་ཀྱང་དག་པ་མེད། ། མ་དང་རབ་ཏུ་བྱུང་བའི་དགེ་སློང་རྣམས།། དེ་དག་ཐར་པའི་ཆོས་མང་སྤངས་བས་ན།། རིང་པོར་མི་ཐོགས་པར་ནི་ལྟུང་བར་འགྱུར།། དད་པ་མེད་པ་བསྙེན་བཀུར་འདོད་པའི་ཕྱིར།། མི
21a2 བདེན་ཆོས་རྣམས་གཞན་ལ་གོ་བར་བྱེད། ། གཡོ་བྱེད་རང་བཞིན་རྣམ་པར་སྦེད་བྱེད་ཅིང་།། དེ་ནི་གཞོགས་སློང་ཁ་གསག་བྱེད་པ་ཡིན།། དེ་ཡི་སེམས་རྒྱུད་རྟག་ཏུ་གཡེན་ཡང་སྤྲོ།། གཞན་དག་གཏམ་བརྗོད་པ་ནི་ཐོས་ན་ཡང་།།
21a3 གཏམ་འདི་བདག་གི་ཕྱིར་ནི་གཏམ་བྱེད་སྙམ།། དད་པ་མེད་པ་ཁུ་འཕྲིག་ཟ་བར་འགྱུར།། དེ་ནི་གཞན་གྱི་གཏམ་དག་བརྗོད་བྱས་ནས།། བདག་ཉིད་མ་དག་དེ་བཞིན་གཞན་ཡང་མཐོང་།། མ་དད་པ་ནི་རི་དགས་སྐྲག་པ་བཞིན།།
21a4 སུ་ལའང་མི་འབེབས་ཡིད་ཀྱང་རྟོན་མི་བྱེད།། སྦྱོར་བ་ཉམས་ཤིང་གཞན་ཡིད་མི་སྲུང་བ།། ཚོགས་ཀྱི་ནང་དུ་ཡིད་ཀྱང་ཞུམ་པར་འགྱུར།། ལག་པས་ཚམ་དམ་བྱེད་ཅིང་འཐབ་པར་བྱེད།། འོང་བ་དག་ལ་ཚར་ཡང་གཅོད་བྱེད་ཅིང་།།
21a5 གཞུང་མེད་པར་ནི་འཛུགས་ཤིང་གླེང་བར་བྱེད།། ཕྲ་མའི་རང་བཞིན་སྡིག་པ་མང་པོ་ཅན།། འཐུན་དང་བྲལ་ལ་འཐབ་ཅིང་སྡང་བ་རྣམས།། མ་དང་རང་བཞིན་མཚན་མ་འདི་དག་ཡིན།། དེ་དག་དད་མེད་རབ་ཏུ་བྱུང་ནས་ནི།། འདྲེན་པའི
21a6 བསྟན་ལ་དེ་དག་སུན་ཡང་འབྱིན། ། འཐུན་པ་གང་གིས་དགེ་འདུན་མཛེས་འགྱུར་ཏེ།། དེ་དག་ཆོས་མིན་ཚིག་གིས་འགལ་བར་བྱེད།། རྒྱལ་བ་རྣམས་ཀྱི་བསྟན་ལ་དེ་མ་དེས།། མུ་སྟེགས་ཅན་ལྟར་སོམ་ཉི་ཐེ་ཙོམ་བཅས།། དེས་ན་ཆོས་ལ
21a7 གླགས་གཏོང་འགལ་བྱས་ནས། ། དད་མེད་དེ་ནི་ཆོས་ཀྱང་སྤོང་བར་བྱེད།། དེ་ཡི་ལོག་པར་ལྟ་བ་མ་སྤངས་ཏེ།། ཕྱི་རོལ་མུ་སྟེགས་ཅན་གྱི་ནང་དུ་སྤོད།། དེས་ནི་བསྟན་པ་འདི་ལ་གཏིང་མི་ཚུགས།། ཆོས་གོས་འཆང་བ་ཙམ་གྱིས་དགེ
21a8 སློང་བརྗོད། ། བདག་མེད་རྡོ་རྗེ་ཤིན་ཏུ་བསྒོམས་པ་དེས།། འཇིགས་ཚོགས་ལྟ་བ་འདི་དང་བྲལ་བ་ཡི།། དགེ་སློང་དེ་ནི་བསྟན་འདིར་ཡེ་ཤེས་ལ།། སྤྱོད་ཡུལ་དྲུང་ལྟར་འདུས་བྱས་ཆགས་པ་མེད།། དད་པ་མེད་པ་ལས་ལ་ཡིད་དཀྱིལ།
iiif viewer powered by OpenSeadragon
20b - 21b