e-texts navigator
Collection
Volume
Page
Wylie

20a1 ཐ་མ་། ། དེར་ནི་དེ་དག་མི་ལུམ་ཐོབ་འགྱུར་ཏེ།། སངས་རྒྱས་དེ་མཐོང་ནས་ན་བཟད་པ་འབྲོག། སངས་རྒྱས་གང་གཱའི་བྱེ་སྙེད་མཐང་བར་འགྱུར།། སྔོན་ནི་ལྡན་ཅིག་དེ་དག་ཐམས་ཅད་ཀྱིས།། ཐམས་ཅད་མཁྱེན
20a2 སེམས་སུ་སྨོན་ལམ་བཏག། ། དེར་ནི་དེ་དག་བྱང་ཆུབ་སེམས་མཉམས།། བསམ་པའི་བྱེ་བྲག་གིས་ནི་ངན་འགྲོར་སྲུང་།། དེ་ནི་དེ་ཚེ་ཆོས་སྤྲུ་ཎྜལ་བའི་བུ།། དྲན་པའི་བློ་ཅན་ཞེས་བྱ་དང་ཡང་གྱུར།། སུན་འབྱིན་དེ་ནི་སྐྱོན་ལ་སུན་ཁྱེན
20a3 འབྱུང། ། དེ་སྲི་དང་རྒྱལ་གྲངས་ཤིང་པོར་ནས་ནི།། ཚུལ་མིན་བླངས་ཏེ་ཡེ་ཤེས་སྦྱོ་བར་གྱིས།། གང་ཞིག་བདག་ཉིད་འཇུག་པར་མི་འདོད་པ།། དེས་ནི་མི་ཤེས་ཚིག་རྣམས་སྤངས་ནས་ཀྱང་།། མེའི་ཕུང་པོ་བཞིན་དུ་ཕྱག་དོག་སྤོངས
20a4 མཐོང་དང་མ་མཐོང་ཐོས་དང་མཐོས་དང་། ། བདེན་དང་མི་བདེན་པས་ནི་གཞན་མི་གླེང་།། བྱང་ཆུབ་མཆོག་ཏུ་འཚང་རྒྱ་འདོད་པ་ཡི།། དགེ་སློང་དེས་ནི་བདག་གི་ཉེས་པ་བསལ།། ངེས་པ་རྣམས་ནི་ནང་དང་ཕྱི་རོལ་གྱི།། དངོས་པད།།
20a5 དག་ཐམས་ཅད་གཏོང་བར་བྱེད།། གང་ཞིག་ང་ཡི་བྱང་ཆུབ་མཆོག་ལ་འདྲན།། དེ་དག་ཅི་ཕྱིར་གཞན་ལ་ཁྲོ་བ་སྐྱེད།། ཕྱི་མའི་དུས་ན་ང་ཡི་བསྟན་པ་ལ།། དམ་རྒོད་མང་པོ་བྱང་ཆུབ་སུན་ཡང་འབྱིན།། དགགཅོད་རོང་གཡངས
20a6 ཆེན་པོར་འགྲོ། ། བསམ་པ་ཉམས་ལ་བྱང་ཆུབ་ཅི་བྱང་ཡོད།། ང་ཡི་བྱང་ཆུབ་མཆོག་འདོད་གང་ཡིན་པས།། རིགས་ངན་བུ་འདྲང་ང་རྒྱལ་སྤོངས་བྱས་ནས།། སེམས་ཅན་ཀུན་ལ་བྱམས་པའི་སེམས་བསྐྱེད་ནས།། ཐོབ་དང་མཐོབ་མི་དགར
20a7 ཡོད་མི་བྱ། ། རྒྱལ་པོ་ཆེན་པོ་གཞན་ཡང་གང་ན་གུས་པ་མེད་པ་དང་། མ་དད་པ་དང་། གཞན་དག་ལ་སྡང་བ་དང་། གླགས་ལྟ་བ་དག་ཡོད་པ་དེར་ནི་དེ་བཞིན་གཤེགས་པ་རྣམས་དང་། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཡུན་རིང
20a8 དུ་མངོན་པར་དགའ་བར་མི་འགྱུར་ཏེ། སྲུང་བ་ཁོན་འདོད་པར་འགྱུང་། རྒྱལ་པོ་ཆེན་པོ་ཆོས་བཅུ་དྲུག་པོ་འདི་དག་ནི་མདད་པའི་གང་ཟག་སྟོན་པ་སྟེ། བ.རུ་དྲུག་གང་ཞེན། མི་མཐུན་པ་འཛིན་དུ་འཇུག་པ་དང་། སྡིག་པའི་བསྟན་པ་ལ




iiif viewer powered by OpenSeadragon

19b - 20b

Texts on this page

Q826 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo