e-texts navigator
Collection
Volume
Page
Wylie

19b1 སྤོས་དང་གོས་རྣམས་དང་། ། བཅའ་བ་ཐུག་པ་དང་ནི་འཚལ་བ་ཡི།། གླུ་དབྱངས་རོལ་མོའི་སྒྲ་རྣམས་རབ་མཆོག་གིས།། དེ་དག་དེ་ལ་སངས་རྒྱས་བཞིན་དུ་མཆོད།། དགེ་སློང་ལྔ་བརྒྱ་ཤིན་ཏུ་མི་མཐུན་གྱུར།། གྲོང་ཁྱེར་དུ་ནི
19b2 དེའི་བསྔགས་མིན་སྒྲོགས། ། ཚུལ་ཁྲིམས་མི་ལྡན་ཉེས་པ་དེས་ཤེས་ཞེས།། རེ་རེ་ནས་ནི་ཁྱིམ་པའི་མདུན་དུ་བརྗོད།། ཟླ་བ་ཉ་བའི་གསོ་སྦྱོང་བབ་པ་ན།། གལ་ཏེ་དོ་ནུབ་མྱུར་དུ་མ་སོང་ན།། གནད་རྣམས་གཏུབ་ཅིང་སྲོག་ཀྱ
19b3 བཅད་དོ་ཞེས། ། སྨྲ་བའི་དགེ་སློང་སྡིག་ཅན་ལངས་པར་གྱུར།། དགེ་སློང་དེ་དག་ཉིད་ལ་སྙིང་རྗེ་ནས།། སེམས་ཅན་དག་པ་དེ་ནི་མ་ཞུམ་སོང་།། སངས་རྒྱས་སྲས་ལ་ཅི་ཕྱིར་བརྙས་བྱེད་ཅེས།། ལྷ་རྣམས་སྟོང་དག་མི་དགའ་དུ་བར
19b4 བྱེད། ། དེ་ན་དགེ་སློང་ལྔ་བརྒྱ་དེ་དག་ཀུན།། རྒོད་ཅིང་མགུ་བས་མཚན་མོ་འདའ་བར་བྱེད།། ཙམ་བདག་ཅག་དེ་ལས་ལེགས་པར་ཐར།། ཁུར་སྟི་བོར་བ་སྙམ་དུ་ཉམས་ལ་སེམས།། དགེ་སློང་ལྔ་བརྒྱ་དུས་ལས་འདས་གྱུར་ནས།།
19b5 བསྐལ་པ་བརྒྱད་བཅུར་དམྱལ་བར་གནས་པར་གྱུར།། བསྐལ་པ་བྱེ་སྟོང་བདུན་བཅུ་རྩ་དྲུག་ཏུ།། ཡི་དགས་འཇིག་རྟེན་དེར་ནི་དགེ་སློང་གནས།། སེམས་ཅན་དེ་དག་ཚེ་རབ་རྟག་ཏུ་མདོངས།། དེ་དག་སྦྲུལ་གདུག་སྐྱེས་ཏེ་ས་རྡུལ
19b6 ཟ། ། བྱིས་པ་རྣམས་ཀྱིས་མཐོང་ནས་བོང་བས་བརྒྱ་བ།། སྐྱབས་ཀྱང་མེད་ཅིང་དཔུང་གཉེན་མེད་པར་གྱུར།། ཚེ་རབས་བྱེ་བ་སྟོང་ཕྲག་བཅཝ་བརྒྱད་དུ།། མིའི་ནང་དུ་སྐྱེས་ནས་དབུལ་པོར་གྱུར།། སྨྱོ་ཞིང་མདོངས་ལ་རྟག་ཏུ་ལུས་ཀྱང
19b7 རུལ། ། མདོག་ངན་སྨད་པར་གྱུར་ཏེ་མཐུ་ཡང་ཆུང་།། དེ་ལྟར་བྱེ་བ་ང་རྒྱལ་ཟིལ་གྱིས་ནོན།། བདག་ཉིད་རྟག་ཏུ་མི་སྡུག་མང་པོ་བྱེད།། གཞན་གྱི་སྦྱིན་པ་ལ་ནི་སྐྱོན་ཡང་འདོགས།། གཡང་ས་ཆེན་པོར་བདག་ཉིད་འདོར་བར་བྱེད།།
19b8 མ་འོངས་དུས་ན་བསྐལ་པ་དྲུག་བཅུ་པ།། གྲགས་ཆེན་ཞེས་བྱ་བསྐལ་པ་འབྱུང་བར་འགྱུར།། དེར་ནི་སྐྱོབ་པ་འཇིག་རྟེན་དོན་མཛད་པ།། བདེ་གཤེགས་སྟོང་ཕྲག་བཅུ་དག་འཐུང་བར་འགྱུར།། དེ་དག་ནང་ན་སངས་རྒྱས




iiif viewer powered by OpenSeadragon

19a - 20a

Texts on this page

Q826 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo