| | e-texts navigator
|
19a1 ཚུལ་ཁྲིམས་ལྡན་མི་ཤེས། ། དགེ་སློང་དགའ་དང་མི་དགས་མྱུར་དུ་སོང།། མི་སྡུག་པ་དང་དྲག་པོས་སོང་ང་རེ།། སངས་རྒྱས་ལ་ནི་སློབ་པའི་ཆོས་སླ་བ།། ངེས་ཤིང་དམ་བརྟན་དག་གིས་མཐོང་ན་ནི།། བླན་དངས
19a2 མཐུན་འགྱུར་ན་མི་རུང་ཞེས། ། དེ་དག་ག་ལས་འོངས་པར་ཕྱིར་ཡང་འགྲོ།། ཀྱེ་མ་བདག་གི་འདྲེན་པའི་བསྟན་པ་པོ།། རྒྱལ་བདག་གི་ཆོས་འདི་འགག་པར་འགྱུར།། དགེ་སློང་སྡིག་ཅན་འདི་དག་རབ་ཏུ་འཕེལ།། ཆོས་སྨྲ་གང་ཡིན
19a3 རྣམས་ནི་རུང་བར་འགྱུར། ། གང་ཚེ་མང་དུ་ཐོས་པ་གློ་བུར་འོངས།། སྐྱེ་བོ་མང་པོ་དགའ་བྱེད་སྟོན་པ་ན།། བློ་གྲོས་ཆུང་ངུ་འདི་ལྟ་ཅི་ཤེས་ཤེས།། མི་རིགས་དེ་དག་གཞན་ལ་སྨོན་པར་བྱེད།། དེས་ནི་ལུང་ཡང་མ་མནོས་ཆོས་མ་དྲིས།།
19a4 འདི་ཡི་མཁན་པོ་ཅི་འདྲ་སློབ་དཔོན་གང་།། རང་སྐྱེ་ཤིང་ལྟར་ཆོས་གོས་བགོས་ནས་ནི།། བདེ་བའི་དོན་དུ་རྙེད་པ་ཚོལ་བར་བྱེད།། དེ་འདིར་མདོ་སྡེ་དེ་ལ་རབ་མཁས་ཏེ།། དེ་ཡིས་ཤེས་པ་བདག་ཅག་ཤེས་སོ་སྙམ།། དེ་དག་བླུན
19a5 ཞིང་བསྟན་པ་སུན་འབྱིན་པ། ། ཏིང་འཛིན་མ་ཐོབ་བྱིས་པའི་བསམ་པ་སེམས།། རྒྱལ་པོ་ངས་ནི་འདས་པའི་དུས་དྲན་པ།། སངས་རྒྱས་ཡེ་ཤེས་འོད་ཅེས་བྱ་བ་བྱུང་།། ལོ་ནི་བརྒྱད་ཁྲི་ཐམ་པའི་བར་དག་ཏུ།། ཆོས་རྣམས་བསྟན
19a6 ནས་རྒྱལ་བ་མྱ་ངན་འདས། ། རྒྱལ་བ་དེ་ནི་འདས་པའི་དུས་ཀྱི་འོག། དམ་པའི་ཆོས་ནི་ཉམས་ཤིང་ཐུག་པ་ན།། དགེ་སློང་དྲན་པའི་བློ་ཅན་ཞེས་བྱ་བྱུང་།། གཟུངས་ཐོབ་མ་ཡིན་སྤོབས་པ་ཐོབ་པར་འགྱུར།། མཛེས་ཤིང་དེས་ལ་བཀའ
19a7 ཐོ་བདེ་བ་དང་། ། རྟག་ཏུ་ངན་ངོན་ཙམ་གྱིས་ཆོག་ཤེས་པ།། སྐྱེ་དགུ་སྤྲིན་གྱི་ཆུས་ནི་ཚིམ་བྱེད་ལྟར།། ལྷུར་བཅས་འགྲོ་བ་ཆོས་ཀྱིས་ཚིམ་པར་བྱེད།། དེ་ཡི་དུས་ཀྱི་ཚེ་ནས་སྟེང་དུ།། བཀོད་པའི་རྒྱལ་པོ་ཞེས་བྱ་གྲོང་ཁྱེར་བྱུང་།། ཁོར
19a8 ཁོར་ཡུག་དཔག་ཚད་བརྒྱད་དུ་གྱུར། ། མི་རྣམས་དེ་དག་བློ་ལྡན་ལོ་ལེགས་བདེ།། ཆོས་སྨྲ་དྲན་པའི་བློ་ཅན་དེ་འོངས་ནས།། སྲོག་ཆགས་བྱེ་བ་ཕྲག་ནི་ཉི་ཤུ་གསུམ།། བླ་མེད་བྱང་ཆུབ་ལ་ནི་བཀོད་པར་གྱུར།། མེ་ཏོག་རྣམས་དང
iiif viewer powered by OpenSeadragon
18b - 19b