| | e-texts navigator
|
18b1 ག་ལ་ཡོད། ། སྔ་མ་དེ་ཡིས་ཀུན་ནས་མནར་སེམས་རྟས།། དེ་ཡི་རྣམ་སྨིན་གྱིས་ནི་ངན་འགྲོ་མྱོང་།། འདིར་ནི་མི་ལུས་ཐོབ་ནས་མིན་ཀྱང་སེར།། དེ་ཡི་མདོག་ཀྱང་གསལ་ཞིང་མཛེས་མི་འགྱུར།། དེ་ནི་སུ་ལའང་ཙམ་པ་ཡོད་མེད་དེ།།
18b2 ཀུན་ཏུ་དེའི་ཞེ་ནི་འགྲས་པར་འགྱུར།། ལ་ལའི་ཤེས་པའི་ཁྱད་པར་མཐོང་ན་ཡང་།། ཕྲག་དོག་བསྐྱེད་ནས་ཆོས་ནི་སྤོང་བར་བྱེད།། རྐེད་ཅིང་སྙིང་ལ་ཐོགས་པ་མེད་པ་ཡི།། གཞན་དང་ལྷན་ཅིག་སྡིག་པ་མང་པོ་སྟེ།། གལ་ཏེ་གཞན་གྱི
18b3 གཏམ་ངན་མ་སྨྲས་ཀྱང་། ། འཁྲུག་པའི་སེམས་ཀྱིས་མཚན་མོ་འདའ་བར་བྱེད།། དེ་ནི་གྲོང་དུ་སྤྱོད་ལམ་གཞན་དུ་སྦྱར།། གཙུག་ལག་ཁང་དུ་དམུ་རྒོད་རྟ་བཞིན་བྱེད།། གཞན་གྱི་སྐྱོན་འཛིན་བདག་གི་འཛིན་མ་བྱེད།། གདོག་ཅན་རྣམ
18b4 ཆོས་ནི་དེ་འདྲའོ། ། འདི་ནི་ཅི་ནས་ཕྱོགས་འདིར་མི་གནས་པར།། འདིའི་ཁྱིམ་དུ་འདི་དང་འདི་སྐད་བྱ།། སང་ནི་བདག་གིས་ངན་དུ་བརྗོད་སྙམ་སྟེ།། དེ་ནི་སྡང་བའི་ཡིད་ཀྱིས་མང་དུ་སེམས།། དེ་ནི་མྱ་ངན་མང་ཞིང་ཡིད་མི་བདེ།། གཞན
18b5 གྱིས་ཤེས་ཕྱིར་བཀུར་བ་རྣམས་མཐོང་ན། ། དེ་ནི་ལས་ཀྱིས་རྣམ་སྨིན་ཡིད་མི་ཆེས།། ཉེས་པས་ནོན་ནས་བསྔགས་པ་མ་ཡིན་སྨྲ།། མཁས་པ་དེ་དག་སྨན་རྣམས་ཁོང་དུ་ཆུད།། དེ་ཕྱིར་དེའི་བསྙེན་བཀུར་འཕེལ་འགྱུར་ན།། དེ་ན
18b6 སྦྱིན་མཆོག་བླ་མེད་སྦྱིན་བྱེད་ན། ། ཆོས་མཆོག་འཛིན་པ་ཡིན་པར་ཡོད་མི་ཤེས།། དགེ་སློང་བྱ་བ་དག་ལ་ངེས་པ་ཡི།། བློ་བུར་བ་དག་འོང་བ་མཐོང་ན་གནོད།། ཤིན་ཏུ་སྡུག་བསྔལ་གནས་འདིར་ཅི་འདོད་ཅེས།། གུས་པ་མེད་པར་མི
18b7 དང་ཆོས་རྣམས་སྨྲ། ། གཙུག་ལག་ཁང་འདི་རྟག་ཏུ་ལས་མངལ།། རྙེད་པའང་མེད་དེ་སྤྱོད་ཡུལ་རྣམས་མི་བཟད།། གལ་ཏེ་དེས་བསྐུལ་དེ་ནི་མི་འགྲོ་ན།། ལེགས་པར་མ་བསྡམས་འབ་མོ་བྱེད་པར་འགྱུར།། འདི་འདྲ་དག་གི་གནས
18b8 འདིར་གང་ཡང་མེད། ། ཡུལ་ཞིག་ཏུ་ནི་ཅི་འདྲ་དྲན་པར་གྱིས།། གནས་པའི་དགེ་སློང་དག་གིས་ཁྱོད་བསླད་ན།། ཡུལ་འདི་སུན་དབྱུང་ཕྱིར་ནི་འོངས་སམ་ཁྱོད།། དགེ་བསྙེན་བླུན་པོ་རྣམས་ནི་འདི་མི་ཤེས།། འདི་དག་ཁྲིམས་འཆལ
iiif viewer powered by OpenSeadragon
18a - 19a