| | e-texts navigator
|
18a1 ས་ས་བྱེད་པ་དང་། བྱམ་ལ་ས་བྱུད་པ་དང་། བསྔགས་པ་ལས་བྱེད་པ་དང་། གདག་པན་དང་། མད་པ་དང་། མམ་ཤེས་པ་དང་། ཁྲེམ་མེད་པ་དང་། ཐེག་པའི་བསམ་ཅན་དང་། གམ་པའི་བསམ་པན
18a2 དང་། གཞན་ལ་གནོད་པ་དང་ལྡན་པ་དང་། སྤྱོད་ལམ་ལོ་དུ་ཆུང་པ་དང་། ཚུལ་འཆོས་པ་དང་། ཁོ་ན་དམདུ་འཛིན་པ་དང་། སོག་འཇོག་གི་ཤས་ཆེ་བ་དང་། དེ་བཞིན་གཤེགས་པས་གསུངས་པ་ལ་སྐྲག་ནས་ལག་པར་བརྡ་སྤྱོད་ཅིང
18a3 འདོགས་ཏེ་ཆོས་སྤོང་བར་བྱེད་པ་དང་། ལྷག་པའི་ང་རྒྱལ་ཅན་ཡིན་ཏེ་མི་འདྲི་བའི་ངང་ཚུལ་ཅན་དང་། ཆོས་ལ་སྲུ་བ་བྱས་ཀྱང་འགྱོད་པ་མེད་པ་དང་། སྙིང་མི་འབེབས་ཤིང་དགྲ་ཐ་མང་བ་དང་། འཁོར་གྱི་ནང་དུ་སོང་ན་མཐོང་མ་ཐག་ཏུ
18a4 གཞན་གྱི་མོས་པ་བཟློག་པའི་ཕྱིར་གཞན་དག་གི་མཚང་འདྲུ་བ་དང་། གསང་བའི་གནས་ལ་ཡིད་བརྟན་པ་ལས་འཁུ་བ་དང་། སྔོན་མཐོང་ཡང་རུང་མ་མཐོང་ཡང་རུང་བའི་དགེ་སློང་དག་ལ་འདི་རྣམས་ལ་སུ་ཡང་དགའ་བར་མི
18a5 འགྱུར་བར་བྱའོ་སྙམ་སྟེ། གནོད་པ་བྱ་བའི་ཕྱིར་བསྔགས་པ་མ་ཡིན་པ་བརྗོད་པ་དང་། གཞན་གྱི་བསྔགས་པ་མ་ཡིན་པ་བརྗོད་པར་བྱ་བའི་ཕྱིར་གཞན་སྤོང་བ་དང་། རྙེད་པའི་བསམ་པས་བདག་གི་བསྙེན་པར་རྫོགས་པ་དེ་ཉས།
18a6 པར་གྱུར་ན་མི་རུང་ངོ་སྙམ་སྟེ། སོ་སོར་བརྟགས་ནས་ཚུལ་ཁྲིམས་སྲུང་བའོ།། རྒྱལ་པོ་ཆེན་པོ་གང་ཟག་དེ་འདྲ་བ་དེ་དག་ནི་བསྟན་པ་ལས་ཚབས་ཆར་ཉམས་པར་འགྱུར་བ་འམ། ཁྱིམ་གྱི་གནས་སུ་འགྲོ་བར་འགྱུར་རོ།། དེ་ནས།
18a7 དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ཁྭ་ལྟར་སྔ་ཞིང་མ་བསྡམས་མུ་ཅོར་སྨྲ།། འཇིག་རྟེན་མཁྱེན་རྣམས་བསྟན་ལ་གུས་པ་མེད།། ཁེངས་པ་ཁྲེལ་མེད་རྟག་ཏུ་མི་མཐུན་པ།། ཕྲག
18a8 དོགཟིལ་ནོན་རྟགས་ནི་འདི་རྣམས་ཡིན། ། གཞན་དག་གི་ནི་བསྔགས་པ་མ་ཡིན་ལ།། མི་དགར་མི་བྱེད་དབུལ་པོས་གསེར་རྙེད་བཞིན།། སྙིང་པོར་འཛིན་ཅིང་ཐམས་ཅད་རྣམ་པར་སྤངས།། གནོད་སེམས་ཅན་ལ་བྱང་ཆུབ
iiif viewer powered by OpenSeadragon
17b - 18b