| | e-texts navigator
|
184b1 དང་། སྐོམ་གྱི་ཕྱིར་དདགོས་ཀྱི་ཕྱིར།། ཁྱིམ་ཁྱིམ་དག་ཏུ་འགྲོ་བྱེད་ཅིང་།། ཆོས་རྣམས་སྟོན་པར་མི་བྱེད་དོ།། རྒྱུ་མེད་ངེས་པ་བཟང་བ་ཡིན།། དེ་དག་སངས་རྒྱས་བསླབ་པ་རྣམས།། འདའ་ཞིང་འཇིག་པར་མི་བྱེད་དེ།། བརྟུལ
184b2 བཟང་སྟོང་ཉིད་སྐྲག་པ་མེད། ། འཇིགས་པ་མེད་པར་འཇུག་པར་བྱེད།། ལྟ་བ་མི་བཟད་འཇིགས་མི་བྱེད།། སེམས་ཅན་གང་ཟག་དངོས་མི་འཇིག། དཀར་པོའི་ཆོས་རྣམས་ཐམས་ཅད་ལ།། ཤིན་ཏུ་བརྟན་པར་གནས་པ
184b3 ཡིན། ། བརྟན་པོ་དེ་དག་འཇིག་རྟེན་ན།། མྱ་ངན་འདས་པའང་རེག་གྱུར་ནས།། མཆོད་པའི་གནས་སུ་འོས་པར་འགྱུར།། གང་དག་ཤེས་རབ་འཚལ་བ་དང་།། ལེ་ལོ་ཅན་དང་དམན་ལ་བརྩོན།། ཐོས་པ་ཉུང
184b4 དང་སྡིག་པ་འདོད། ། ང་རྒྱལ་ཐ་བ་ཁྲོ་འབྱུང་གནས།། མགོ་ལ་སྤུ་གྲི་བསྟེན་བྱེད་ཅིང་།། ཤིང་གི་ཁབ་སྒྱུར་ཆོས་གོས་གྱོན།། སྟོང་པ་ཉིད་ནི་དོན་མེད་པ།། དེ་ནི་མཁས་པ་སྒོམ་མི་བྱེད།། ཆོས་ལ་སུན་འབྱིན་ཐེག་ཆེན་གྱི།།
184b5 བསྔགས་པ་མ་ཡིན་བརྗོད་པར་བྱེད།། གང་ཞིག་ཆོས་འདི་བསྟན་པ་རྣམས།། ཇི་ལྟར་བསྟན་པ་དེ་བཞིན་དུ།། ནག་པོའི་ཕྱོགས་ལ་ཀུན་དུ་ཆགས།། དེས་ནི་ངན་འགྲོར་འགྲོ་བར་འགྱུར།། བཅོམ་ལྡན་འདས་ཀྱིས་དེ
184b6 སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་དང་། དགེ་སློང་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུང་བ་ལ་མངོན
184b7 པར་བསྟོད་དོ། ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཨཱརྱ་བི་ཀུ་རྦ་ན་ར་ཛཱ་བ་རི་བྲི་ཙཱ་ནཱ་མ་མ་ཧཱ་ཡཱ་ན་སྭ་ཏྲ། བོད་སྐད
184b8 དུ། འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། བམ་པོ་དང་པོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས
iiif viewer powered by OpenSeadragon
184a - 185a