e-texts navigator
Collection
Volume
Page
Wylie

17b1 བཅུ་དྲུག་གང་ཞེ་ན། ཁྲ་ལྟར་སྨྲ་བ་དང་། མུ་ནོར་སྨྲ་བ་དང་། ལེགས་པར་མ་བསྡམས་པ་དང་། གཞན་གྱི་བསྔགས་པ་མ་ཡིན་པས་བདེ་བར་འཛིན་པ་དང་། གཞན་གྱི་ཡོན་ཏན་དག་ལ་ཡིད་མི་ཆེས་པ་དང་། བསམ་པ་མང་བ་དང་། མྱ་ངན་མངབ།
17b2 དང་། ཡིད་མི་བདེ་བ་མད་པ་དང་། མིག་སེར་བ་དང་། ཁ་དོག་དང་དབྱིབས་ཉམས་པ་དང་། ང་རྒྱལ་གྱིས་ནོན་པ་དང་། དགེ་སློང་ལ་མི་དགའ་བ་དང་། བློ་བུར་དུ་འོངས་པ་ལ་བསྟིང་བའི་ངང་ཚུལ་ཅན་དང་། བརྩད་དུ་རུང་བའི་འཁྲུལ་པ་ཚོལ་བ་དང་།
17b3 གནས་ལ་སེར་སྣ་བྱེད་པ་དང་། ཆོས་ཉན་དུ་མི་འགྲོལ་རྣ་བ་བླགས་ཏེ་མིཉན། སེམས་རྣམ་པར་གཡེངས་ཤིང་གཞན་དང་གཞན་དུ་གཏམ་རླུང་ལ་སྲུང་བར་བྱེད་ཅིང་ཆོས་ཀྱི་གཏམ་ལ་མི་དགའ་སྟེ། འདི་སྐད་དུ་ཅི་ཟེར་བ་ངས་མི་ཤེས
17b4 སོ། ། འདི་ནི་བླུན་པོ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་ཀྱི་ཆོས་སྟོན་ཏོ་ཞེས་ཀྱང་ཟེར་ཏེ། གང་འཕགས་པ་རྣམས་ཀྱིས་ཐུགས་སུ་ཆུད་པའི་ཆོས་འདུལ་བ་ལ་མ་གུས་པ་འདི་ཉིད་མི་བླུན་པོ་དེ་དག་མི་ཤེས་པ་ཡིན་ནོ།། བདག་གིས་ནི་བྱང
17b5 ཅ་ཧུབ་ཐོབ་ནས་གདོང་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཆོས་ལ་གུས་པར་གནས་པར་བྱའོ་ཞེས་ཟེར་ཞིང་དགེ་སློང་རྣམས་ལ་ཆོས་སྟོན་པ་ན་ཡང་ཀྱི་སྒོན་འགྲེང་ཞིང་འདུག་ལ་ཆོས་ཉན་པར་བྱེད་དེ་སྟན་ལ་འདུག་མི་འདོད་ན་ཡང་དགེ་སློང
17b6 ངག་ལ་འཚོ་བར་བྱེད་དེ། བརྒྱད་སྡེའི་བྱང་ཆུབ་ཀྱི་ཡན་ལག་གི་གཏམ་སྟོན་པ་ན་ཡང་བདག་གིས་མཉན་པར་བྱའོ།། དེ་ཐོས་ན་བདག་གིས་ནད་དེ་འབྱུང་བར་འགྱུར་རོ་སྙམ་མོ།། དེ་བས་ན་མི་བྲན་པོ་དེ་དག་ཆོས་མ་ཡིན་པ་འདོད་པས
17b7 བྱང་ཆུབ་ཡོངས་སུ་བཙལ་བར་སེམས་པ་དག་ནི་དཔེར་ན་མིའི་མིག་གཉིས་བྱུང་ནས་ལྟ་བར་འདོད་པའམ། ནོར་ཐམས་ཅད་མེད་པར་བྱས་ནས་འདྲོན་པོ་མང་པོ་དང་འཐུན་པར་འདོད་པའམ། རྐང་པ་བཅད་ནས་ལམ་དུ་འགྲོ་བར
17b8 འདོད་པ་དང་འདྲས། རྒྱ་ཆེན་པོ་ད། འདོད་པའི་མི་ཐུན་པོ་དེ་དག་གི་བྱང་ཆུབ་ནི་འདྲ་བ་སྩས་བྱེད་དོ།། རྒྱལ་པོ་ཆེན་པོ་ཆོས་ཉི་ཤུ་རྩ་ལྔ་དང་ལྡན་ན་གང་བག་བྱང་ཆུབ་ལས་ཉམས་པར་རིག་པར་བྱས། ཉི་གརྩ་ལྔ་གང་ན་ན།། གནས་ལ




iiif viewer powered by OpenSeadragon

17a - 18a

Texts on this page

Q826 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo