e-texts navigator
Collection
Volume
Page
Wylie

17a1 འདའ་མི་འགྲོལ་ཚུལ་ཁྲིམས་མེད། ། དེ་ནི་དམུས་ལོང་ལམ་དང་ཇི་བཞིན་དུ།། འཕགས་པའི་ལམ་དང་ཤིན་ཏུ་རིང་བས་རིང་།། གང་ཟག་མི་ལྡན་དེ་ནི་སྨྲ་བ་མང་།། རྒོད་ལ་དགའ་ཞིང་རྟག་ཏུ་དབང་པོ་གཡེངས།།
17a2 དེ་ནི་བསྟན་ལ་ཆུ་རའི་ཆུ་འོས་མིན།། དེ་ནི་གྲོང་ཟས་ལྕགས་ཀྱི་ཐུ་ལུམ་ཟ།། སྦྱིན་པ་པོ་ཡིས་དད་པས་བྱིན་པ་ནི།། ལྡན་དང་གྲོལ་ལ་ང་ཡིས་གནང་བ་ཡིན།། མི་ལྡན་པས་ནི་ཁམ་ཅིག་ཟོས་ན་ཡང་།། ངོ་ལོན་རི་རབ་ཙམ་ཡང་བྱ་བ་ཡིན།། སྟན
17a3 ལ་ཡུལ་འཁོར་ཟས་ནི་སྐྱོང་བར་དཀའ། ། ལྡན་པ་གང་ཡིན་རྣམས་ཀྱང་འདི་ལ་འཛེམ།། མི་ལྡན་དེ་ཡིས་རྒོད་བཞིན་ཟོས་ན་ནི།། གླང་ཆེན་རྟ་དང་བ་ལང་བོང་བུད་སྐྱེ།། དེ་དག་དེ་ཟོས་བརྙེས་པའི་གཟུགས་སུ་འགྱུར།། དེ་དག་རིད་ཅིང་ཉམ
17a4 ཆུང་སྨད་པར་འགྱུར། ། ཟས་བླངས་ཟོས་པས་མི་གཙང་དྲི་ངར་འགྱུར།། དེ་དག་དབྱུག་པས་བསྣུན་པས་སྤྱོད་པར་འགྱུར།། སེམས་ཀྱང་གཡེངས་ཤིང་དྲན་པ་རྣམ་པར་ཉམས།། སློངས་མོ་བྱེད་ཅིང་སྨོན་པ་རྟག་ཏུ་འགྱུར།། བསྟན་པ
17a5 བསོད་ནམས་སྟེགས་འདི་ཐོབ་ན་ཡང་། ། བག་མེད་གྱུར་ན་ངན་འགྲོར་ལྟུང་བར་འགྱུར།། ལོ་ནི་བྱེ་བ་ཁྲག་ཁྲིག་མཐའ་ཡས་པར།། ངན་སོང་སྡུག་བསྔལ་མང་པོ་དེས་མྱོང་ནས།། མི་ཡི་འཇིག་རྟེན་ཁོམ་པ་ཐོབ་པར་འགྱུར།། སྡིག
17a6 བྱས་ཕྱིར་ཡང་ངན་འགྲོར་ལྟུང་བར་འགྱུར། ། ལྕགས་ཀྱི་ཐུ་ལུམ་རྒྱ་མཚོ་ཆེན་པོ་ཡི།། ནང་དུ་ལྷུང་བར་གྱུར་ན་གནས་མེད་དེ།། ལོ་ནི་བྱེ་བ་སྟོང་ཕྲག་སྙེད་དུ་ཡང་།། རྒྱ་མཚོ་ཆེ་ལས་སླར་ནི་དབྱུང་མི་ནུས།། དེ་བཞིན་བྱིས་པ་ངན་འགྲོར
17a7 ལྟུང་བ་ཡང་། ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ།། དེ་དག་མིར་སྐྱེ་བ་ཡང་ཐེ་ཙོམ་བཅས།། དེ་དག་མཐོ་རིས་བྱང་ཆུབ་ག་ལ་འཐོབ།། བསམ་པ་དག་ཅིང་རྟག་ཏུ་བརྩོན་པ་དང་།། ལེགས་པར་བསྡམས་ཤིང་གཡོ་ས
17a8 མེད་པ་དང་། ། མཉམ་པའི་སེམས་ཀྱིས་བྱང་ཆུབ་ཐོབ་འགྱུར་ཏེ།། དེ་ལ་ཐམས་ཅད་མཁྱེན་ཉིད་དཀའ་བ་མེད།། རྒྱལ་པོ་ཆེན་པོ་ཆོས་བཅུ་དྲུག་པོ་འདི་དག་ནི་གང་ཟག་ཕྲག་དོག་ཅན་གྱི་མཚན་མ་ཡིན་པར་རིག་པར་བྱ་སྟེ།།




iiif viewer powered by OpenSeadragon

16b - 17b

Texts on this page

Q826 - 'phags pa tshangs pas byin gyis zhus pa zhes bya ba theg pa chen po'i mdo